ཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་གྱིས་ཚེས28ཉིན་ནས་ཕྱི་རྒྱལ་བ་འཇར་པན་དུ་ཡོང་མི་ཆོག་པར་ཐག་བཅད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འཇར་པན་རྒྱང་སྒྲོག་མཐུན་ཚོགས་བརྙན་འཕྲིན་ཁང་གིས་ཚེས26ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། གཞན་འགྱུར་ནད་དུག་དེ་འཇར་པན་སོགས་རྒྱལ་ཁབ་མང་པོར་བྱུང་བར་གཞིགས་ནས། འཇར་པན་སྲིད་གཞུང་གིས་ཟླ12པའི་ཚེས28ཉིན་ནས2021ལོའི་ཟླ1པོའི་ཟླ་མཇུག་བར་དུ་ཕྱི་རྒྱལ་བ་རྒྱལ་ཁོངས་སུ་ཡོང་མི་ཆོག་པའི་ཐག་བཅད། འོན་ཀྱང་། འཇར་པན་གྱི་སྤྱི་དམངས་དང་རྒྱུན་སྡོད་ཕྱི་རྒྱལ་བ། རྒྱལ་ཁབ་དང་ས་གནས་ཁ་ཤས་ཀྱི་ཚོང་དོན་མི་སྣ་བཅས་འཇར་པན་དུ་ཡོང་བའི་ཕྱོགས་ནས་སྲིད་ཇུས་ཐག་གཅོད་དེས་བཀག་རྒྱར་མི་གཏོགས།

འཇར་པན་གྱིས་ཚེས25ཉིན་རྒྱལ་ཁོངས་སུ་ཡོང་བའི་མི་སྣར་རིམས་ནད་ཞིབ་བཤེར་བྱེད་པའི་ཁྲོད་ཐོག་མར་མི5ལ་ཉེ་ལམ་དབྱིན་ཇིའི་སྙན་ཞུ་ཁྲོད་བྱུང་བའི་གཞན་འགྱུར་ཅན་གྱི་ནད་དུག་གསར་པ་བྱུང་བ་ཁྱབ་བསྒྲགས་བྱས། ཚེས26ཉིན་ལྗར་པན་ལ་ཡང་ས་གནས་ཀྱི་ནད་དཔེ2ཀྱི་སྙན་ཞུ་འབྱོར། དེའི་ནང་གཅིག་ནི་འཕུར་སྐྱོད་པ་ཡིན་པ་དང་། གཞན་ཞིག་ནི་དེའི་འཇར་པན་གྱི་རྒྱལ་ནང་གི་ཁྱིམ་མི་ཞིག་རེད། འཇར་པན་སྲིད་གཞུང་གིས་ཚེས26ཉིན། ཟླ་འདིའི་ཚེས28ཉིན་ནས་སང་ལོའི་ཟླ་དང་པོའི་ཟླ་མཇུག་བར་དུ་ཕྱི་རྒྱལ་བ་རྒྱལ་ཁོངས་སུ་ཡོང་བར་གནས་སྐབས་སུ་ཆོག་མཆན་མི་འགོད་པའི་ཐག་བཅད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།