ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱིན་བར་གྱི་རྒྱུན་གཏན་མཁའ་འགྲུལ་མཚམས་བཞག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཞན་འགྱུར་ནད་དུག་གིས་རིམས་འགོག་ཚོད་འཛིན་ལས་དོན་ལ་ཐེབས་སྲིད་པའི་ཤུགས་རྐྱེན་འགོག་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་བླང་བྱ་གཞིར་བཟུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་མཚམས་འཕྲོད་བསྟེན་རིམས་ནད་བརྟག་དཔྱད་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་འཇལ་བའི་སྐོར་གྱི་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་སྤྱོད་མཁའ་འགྲུལ་སྐོར་གྱི་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལྟར། དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཀྲུང་དབྱིན་བར་གྱི་རྒྱུན་གཏན་མཁའ་འགྲུལ་ཀུང་སིར2020ལོའི་ཟླ12པའི་ཚེས28ཉིན་གྱི་ཆུ་ཚོད0ནས2020ལོའི་ཟླ1པོའི་ཚེས10ཉིན་གྱི་ཆུ་ཚོད24སྟེང་ཀྲུང་དབྱིན་བར་གྱི་རྒྱུན་གཏན་མཁའ་འགྲུལ་མཚམས་འཇོག་དགོས་པའི་བླང་བྱ་བཏོན་ཡོད།

དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་ཀྲུང་གོ་དང་ཕྱི་རྒྱལ་བར་གྱི་འབྲེལ་ཡོད་མཁའ་འགྲུལ་ཀུང་སི་ལ་མཁའ་སྐྱོད་མེད་པར་བྱས་རྗེས་ཀྱི་འགྲུལ་པའི་སེམས་གསོ་དང་གནམ་གྲུའི་སྤ་སེའི་རིན་གོང་བསྒྱུར་སློག་སོགས་ཀྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན་ཡོད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།