ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་པར་མ་ཟད་དམ་བཅའ་འཇོག་པར་ལྟ་རྟོག་མཛད། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྩ་ཁྲིམས་ཀྱི་སྔུན་ནས་་དམ་བཅའ་འཇོག་པའི་མཛད་སྒོ་སྤེལ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མགོ་འཛིན་མཛད་པར་མ་ཟད་དམ་བཅའ་འཇོག་པར་ལྟ་རྟོག་མཛད། 

ཕྱི་དྲོའི་དུས་ཚོད་ལྔའི་ཡས་མས་སུ། ལིས་ཀྲན་ཧྲུའུ་ཡིས་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་མཛད་སྒོ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། ཚོགས་མི་ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས། 

རྩ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་བྱེད་པའི་སྐོར་གྱི་ཆོད་དོན་ལྟར། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བ་ནས་གསར་དུ་བསྐོ་འཇོག་བྱས་པའི་རྒྱལ་ཡོངས་དམངས་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ཁྲིན་ཧའོ་དང་། རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་སུང་ཀྲི་ཀང་དང་ཏུའུ་ཅཱ་ཧའོ། རྒྱལ་ཡོངས་དམངས་ཆེན་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་ལིག་ཚི་ཀོས། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཨུ་ཡོན་གཞོན་པ་པཱ་ཡུན་ཁྲའོ་ལུའུ་དང་ཡུས་ཝེ་གོ། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཞའོ་ཅང་། ཞིང་ལས་ཞིང་སྡེའི་ལས་དོན་པུའུ་ཡི་པུའུ་ཀྲང་ཐང་རིན་ཅན། ཚོང་དོན་པུའུ་ཡི་པུའུ་ཀྲང་ཝང་ཝུན་ཐའོ་བཅས་ཀྱིས་ཁྲིམས་ལྟར་རྩ་ཁྲིམས་ཀྱི་སྔུན་ནས་དམ་བཅའ་བཞག

རྒྱལ་ཡོངས་དམངས་ཆེན་ལས་ཁུངས་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ལས་ཞིང་སྡེའི་ལས་དོན་པུའུ། ཚོང་དོན་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དམ་བཅའ་འཇོག་པའི་བྱ་འགུལ་ལ་ཞུགས། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།