ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་སྟེ་ལུགས་གསར་རྙིང་གི་ལོ་སར་སྐབས་སུ་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཉེ་སྔོན་བརྡ་ཐོ་བཏང་སྟེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ལུགས་གསར་རྙིང་གི་ལོ་སར་སྐབས་སུ་འཚོ་བར་དཀའ་ཁག་ཆེ་བའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ལ་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་ནས། ཏང་ཡོན་དང་ལས་བྱེད་པ། རྒྱ་ཆེའི་མི་དམངས་མང་ཚོགས་བཅས་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོད་སྐྱིད་ཉམས་སུ་མྱོང་དུ་འཇུག་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་ཕྱོགས་ཡོངས་ནས་འཚོ་བར་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། ལས་བྱེད་པ་རྒན་པ་བཅས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་། བརྩེ་སེམས་བཅངས་ནས་གཞི་རིམ་དུ་སོང་སྟེ་འཚམས་འདྲིའི་བྱ་འགུལ་སྤེལ་དགོས་པ་དང་། འཇར་འགོག་དམག་འཁྲུག་གི་སྔོན་དང་འཇར་འགོག་དམག་འཁྲུག་གི་སྐབས་སུ་ཏང་ལ་ཞུགས་པའི་ཏང་ཡོན་རྒན་པ་ཡོད་ཚད་ལ་འཚམས་འདྲི་བྱེད་དགོས། གཞི་རིམ་ལས་བྱེད་པ་དང་ཁྱད་པར་དུ་དབུལ་ཐར་མཁྲེགས་གཏོར་གྱི་ལས་ཡུལ་དང་པོར་འབད་འཐབ་བྱེད་པའི་བློ་མཐུན་ལ་སེམས་ཁུར་བྱེད་ཚད་ཇེ་ཆེར་བཏང་སྟེ། སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་གཟི་བརྗིད་མཚན་སྙན་ཐོབ་མཁན། གཞུང་དོན་དུ་ཚེ་སྲོག་ཤོར་བའི་གཞི་རིམ་ལས་བྱེད་པའི་ཁྱིམ་མི་བཅས་ལ་འཚམས་འདྲི་དང་དུས་ཡུན་རིང་བོར་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་དགོས་ལ། འཚམས་འདྲིའི་ཁྱབ་ཁོངས་རྒྱ་སྐྱེད་འོས་འཚམ་བྱས་ཏེ། སྡེ་བ་དང་སྡོད་ཁུལ་གྱི་རྐང་འཛིན་རྒན་པ་དང་ནད་ཀྱི་དབང་གིས་དབུལ་ཕོངས་སུ་གྱུར་བའི་དབུལ་ཕོངས་མང་ཚོགས་ཀྱི་རོགས་སྐྱོར་བྱ་བ་བཟང་བོར་བསྒྲུབ་དགོས། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པའི་འཚོ་བར་འགན་སྲུང་བྱས་ནས་ནན་ཏན་གྱིས་ཀྲུང་གོ་གསར་བ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་ཞིང་སྡེའི་ཏང་ཡོན་རྒན་པ་དང་ལས་འཁྱུར་ངལ་གསོའི་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་མེད་པའི་ཏང་ཡོན་རྒན་པར་འཚོ་བའི་ཁ་གསབ་སྟེར་བའི་བྱ་བ་བཟང་བོར་བསྒྲུབ་དགོས་པར་མ་ཟད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ཏེ་གྲོན་ཆུང་དང་དཔལ་ཡོན་ལྡན་པའི་དུས་ཆེན་རོལ་བའི་དར་སྲོལ་གསར་བ་དར་སྤེལ་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།