ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་འབྲི་ཆུའི་ཉ་འཛིན་པར་བཀག་འགོག་བྱེད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་ཉེར་གཉིས་ཉིན་འབྲི་ཆུའི་ཉ་འཛིན་པར་བཀག་འགོག་བྱེད་པའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཧན་ཀྲིན་གྱིས་བསྟན་དོན།  ལོ་བཅུ་ལ་འབྲི་ཆུའི་ཉ་འཛིན་པར་བཀག་འགོག་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྤྱི་ཡོངས་ལ་འཆར་འགོད་དང་མི་རབས་རྗེས་མར་དམིགས་པ་དང་།  ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་ཁེ་ཕན་ལ་དམིགས་ནས་གཏན་ཁེལ་བྱས་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན།  འབྲི་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་གྲོང་ཁྱེར།  འབྲེལ་ཡོད་སྡེ་ཁག་དག་གིས་གོ་རིམ་ཡོད་པའི་སྒོ་ནས་སྲིད་ཇུས་བྱེད་ཐབས་སོ་སོ་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་འདེད་བཏང་སྟེ་འབྲི་ཆུའི་ཆུ་ཁོངས་གཙོ་བོའི་ཉ་འཛིན་པར་ཁྱོན་ཡོངས་ནས་བཀག་འགོག་བྱེད་པའི་བྱ་བར་རྨང་གཞི་བཟང་བོ་བཏིངས་ཡོད།  ལོ་བཅུའི་རིང་ལ་འབྲི་ཆུའི་ཉ་འཛིན་པར་བཀག་འགོག་བྱེད་པའི་བྱ་བར་ཡུན་རིང་རང་བཞིན་དང་དཀའ་ཚེགས་རང་བཞིན།  རྙོག་འཛིང་རང་བཞིན་བཅས་ལྡན་པས།   ཐོག་མཐའ་བར་གསུམ་དུ་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་།   བྱ་བ་དོན་འཁྱོལ་ནན་མོ་བྱེད་པར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།   འབྲི་ཆུའི་ཉ་འཛིན་པར་བཀག་འགོག་བྱེད་པའི་མཁྲེགས་གཏོར་དམག་འཐབ་དང་ཡུན་རིང་གི་དམག་འཐབ་ལ་རྒྱལ་ཁ་ལེན་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན།    ཐོན་སྐྱེད་བསྒྱུར་བ་དང་བཀོད་སྒྲིག་ལེགས་པོ་བྱེད་པར་འགན་སྲུང་བྱེད་པའི་གཞི་རྩ་འདི་དམ་འཛིན་ལེགས་པོ་བྱེད་པ་དང་།   རོགས་སྐྱོར་བྱེད་ཐབས་ཀྱི་དམིགས་སའི་རང་བཞིན་དང་གནད་ཕིགས་རང་བཞིན་མཐོར་འདེགས་གཏོང་བ།   ཁྱོན་ཡོངས་ནས་ཉ་བ་བཀོད་སྒྲིག་ལེགས་པོ་བྱེད་པའི་འགན་སྲུང་དྲ་རྒྱར་དམ་པོར་དམིགས་ནས་རྒྱ་ཆེའི་ཉ་བ་དག་གི་འཚོ་བ་གཏན་འཇགས་ཡོང་བར་འགན་སྲུང་བྱེད་དགོས། གསུམ་མེད་གྲུ་གཟིངས་གཙོར་བཟུང་ནས་གཙིགས་ཆེན་བྱེད་པ་དང་།   དོ་དམ་བྱེད་ཐབས་སྔར་ལས་གཏན་ཁེལ་གསལ་བོ་བྱས་ནས་དག་གཙང་བཞི་དང་མེད་པ་བཞིའི་རྒྱུན་རྣམ་ཅན་དང་རྒྱུན་མཐུད་རང་བཞིན་ལ་འགན་སྲུང་བྱེད་དགོས།  ཁྲིམས་འཛིན་ནུས་པའི་མི་འདང་ས་དམ་འཛིན་དང་ཁ་གསབ་བྱས་ནས་ཉ་འཛིན་པར་བཀག་འགོག་བྱེད་པའི་བཀའ་རྒྱ་དོན་འཁྱོལ་བྱེད་པར་སྟོབས་ཤུགས་ཡོད་པ་དང་བྱེད་ཐབས་ལྡན་པ།  དོ་དམ་བྱེད་ཐུབ་པར་འགན་སྲུང་བྱེད་དགོས།    ལྐོག་འདྲི་བྱ་བ་རྒྱུན་མཐུད་ངང་སྤེལ་ཏེ་ཁྲིམས་འགལ་གྱིས་ཉ་འཛིན་པར་རྡུང་རྡེག་ནན་མོ་གཏོང་དགོས་པ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།   གླེང་ཕྱོགས་སྣེ་ཁྲིད་ཇེ་དྲག་ཏུ་བཏང་སྟེ་ཉ་མི་འཛིན་པ་དང་ཁྲོམ་རས་མི་འཚོང་བ།   མང་ཚོགས་ཀྱིས་མི་ཟ་བ་སོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས།   འབྲི་ཆུའི་ཉ་འཛིན་པར་བཀག་འགོག་བྱེད་པའི་དོ་དམ་ཁུལ་ལ་ལྟ་རྟོག་ནན་མོ་བྱེད་པ་སོགས་བྱ་བ་གཅིག་གྱུར་གྱིས་བཟང་བོར་བསྒྲུབ་དགོས།   ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས་འབྲི་ཆུའི་ཆུ་སྐྱེས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས།   རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ས་གནས་གཙོ་གཞིའི་འགན་འཁྲི་སྲ་བརྟན་དུ་གཏོང་བ།   སྡེ་ཁག་གི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱེད་པ།   བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་འབྲི་ཆུའི་ཉ་འཛིན་པར་བཀག་འགོག་བྱེད་པའི་བྱ་བར་གྲུབ་འབྲས་བཟང་བོ་ལེན་པར་འགན་སྲུང་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།  ཅང་སུའུ་དང་ཅང་ཞི།  ཧུའུ་པེ། ཧུའུ་ནན་བཅས་ཀྱི་མི་དམངས་སྲིད་གཞུང་དང་ཞིང་ལས་ཞིང་སྡེ་པུའུ། སྤྱི་བདེ་པུའུ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ། ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་སོགས་སྡེ་ཁག་གི་འགན་ཁུར་མི་སྣས་གཏམ་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།