ཀྲུང་གོ་བོད་ཀྱི་དྲ་བ།

ཟ་མ་འཕྲོ་བརླག་འགོག་པའི་ཁྲིམས་བསྟར་འཆར་ཟིན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལ་སྤྲད་པ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

   u=3780231182,602550724&fm=11&gp=0.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་མགྲིན་ཚབ་པ་ཡེ་ཀྲུང་མིང་གིས་ཚེས21ཉིན་ངོ་སྤྲོད་བྱས་པ་ལྟར་ན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱིས་ཟ་མ་འཕྲོ་བརླག་གི་བྱ་སྤྱོད་འགོག་པའི་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་བྱས་ཏེ། ཁྲིམས་འཛུགས་སྒྲིག་འཛུགས་ལས་དོན་ཚོ་ཆུང་གིས་ཟ་མ་འཕྲོ་བརླག་འགོག་པའི་ཁྲིམས་བསྟར་འཆར་ཟིན་ཞིབ་འཇུག་བྱས་ཡོད་པ་དང་། ཨུ་ཡོན་ཀྲང་གི་ཚོགས་འདུར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད།

ཉེ་སྔོན་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་ལས་དོན་ཨུ་ལྷན་གྱི་མགྲིན་ཚབ་པའི་ཚོགས་འདུ་བསྡུས་ནས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་སྐབས་བཅུ་གསུམ་པའི་ཨུ་ཡོན་ཀྲང་ཚོགས་འདུ་ཐེངས་དོན་བརྒྱད་པའི་སྟེང་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ཉེར་བཞི་བ་ཟླ12བའི་ཚེས22ཉིན་ནས་ཚེས26ཉིན་བར་པེ་ཅིང་ནས་འཚོགས་རྒྱུ་གཏན་ཁེལ་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།