ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ12པའི་ཚེས21ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པ་སྤྱད་དེ་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཕེའོ་པེན་ཞི་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་གཅིག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་རིས་ཀྱི་རྣམ་པ་སྤྱད་དེ་ཧན་གོའི་རྒྱལ་ཚོགས་ཀྱི་གྲོས་དཔོན་ཕེའོ་པེན་ཞི་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཧན་གོ་གཉིས་ནི་ཁྱིམ་མཚེས་བཟང་བོ་དང་མཉམ་ལས་གྲོགས་པོ་གལ་ཆེན་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཝུན་ཙའེ་དབྱིན་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧན་གོའི་འབྲེལ་བའི་འཕེལ་རྒྱས་གནས་བབ་ཧ་ཅང་བཟང་། ཕྱོགས་གཉིས་ཀྱི་ཡིད་ཆེས་ཇེ་བརྟན་དུ་སོང་བ་དང་གཉིས་རྒྱལ་མཉམ་ལས་རྒྱུན་མ་ཆད་པར་ཇེ་ཟབ་ཏུ་སོང་ལ། མཛའ་བརྩེའི་འགྲོ་འོང་སྔར་ལས་ཇེ་བཟང་དུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་གསོན་ཤུགས་ཀྱིས་ཁེངས་ཡོད། ཕྱོགས་གཉིས་ཀྱིས་ནམ་ཡང་སྤྱི་ཡོངས་ལ་རྐང་འཛུགས་པ་དང་ཡུན་རིང་ལ་དམིགས་ནས། ཕན་ཚུན་གྱི་སྲོག་ཤིང་ཁེ་ཕན་དང་གནད་དོན་གལ་ཆེན་ལ་བརྩི་འཇོག་བྱེད་པ་དང་། རིམ་པ་སོ་སོའི་བརྗེ་རེས་ལ་ཤུགས་སྣོན་པ། མཛའ་བརྩེའི་ཐུན་མོང་གི་ལྟ་བ་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནམ་ཡང་ཡང་དག་པའི་ཁ་ཕྱོགས་བརྒྱུད་དེ་གཏན་འཇགས་ངང་འཕེལ་རྒྱས་སུ་གཏོང་བར་ཁག་ཐེག་བྱེད་དགོས་ཟེར།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ད་ལོར། ཀྲུང་གོ་དང་ཧན་གོ་ཕྱོགས་གཉིས་ཀྱིས་མཉམ་དུ་རིམས་འགོག་དང་མཉམ་དུ་དཀའ་ངལ་ཁྱད་སེལ་བྱས་པས། རྒྱལ་སྤྱིའི་རིམས་འགོག་གི་མཉམ་ལས་དཔེ་མཚོན་བསྐྲུན་པ་དང་། རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེའི་ཐད་ནང་དོན་གསར་བ་བསྣན། མུ་མཐུད་དུ་མཉམ་འགོག་མཉམ་སྡོམ་དང་སྟབས་བདེ་མགྱོགས་མྱུར་གྱི་ལམ་བུའི་ནུས་པ་འདོན་སྤེལ་བྱེད་པ་དང་། འགོག་སྨན་དང་སྨན་རྫས་ཞིབ་སྤེལ་བཀོལ་སྤྱོད་སོགས་ཀྱི་མཉམ་ལས་སྤེལ་ནས། རིམས་ནད་འགོག་བཅོས་བྱེད་དགོས། འཕེལ་རྒྱས་ཀྱི་འཐབ་ཇུས་དང་འབྲེལ་མཐུད་བྱེད་པ་དང་། ཕྱོགས་གསུམ་པའི་ཚོང་རའི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་བོ་ལེན་པར་སྐུལ་འདེད་བཏང་སྟེ། སྔ་མོ་ནས་རང་དབང་ཉོ་ཚོང་ཆོད་དོན་གྱི་དུས་རིམ་གཉིས་པའི་གྲོས་མོལ་ཡོངས་འགྲུབ་བྱེད་དགོས། ཀྲུང་གོ་དང་ཧན་གོའི་རིག་གནས་བརྗེ་རེས་ལོ་གོ་སྐབས་སུ་བྱས་ནས། སློབ་གསོ་དང་ལུས་རྩལ། ན་གཞོན་ལོ་ཆུང་། རིག་གཞུང་། ས་གནས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་ཇེ་དྲག་ཏུ་གཏོང་དགོས། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་སྒྲོམ་གཞིའི་ནང་གི་བརྗེ་རེས་དང་མཐུན་སྦྱོར་ལ་ཤུགས་སྣོན་པ། རྒྱལ་སྤྱིའི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་མུ་མཐུད་དུ་བརྗེ་རེས་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་སྐྱོང་སྲིད་འཛིན་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། དམངས་ཚིས་ལེགས་བསྒྱུར་བྱེད་པ་སོགས་ཁྱབ་ཁོངས་ནས་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ་བྱེད་པར་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ལེགས་སུ་གཏོང་བ་དང་རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཕེའོ་པེན་ཞི་ཡིས་བཤད་རྒྱུར། ཧན་གོའི་རྒྱལ་ཚོགས་ཀྱིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་དང་དམངས་བློའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། ཧན་གོ་དང་ཀྲུང་གོའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བ་དང་ས་ཁུལ་གྱི་ཞི་བདེ་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

ཝང་ཏུང་མེན་གྲོས་མོལ་ལ་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།