ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལས་ཁུངས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ནས་མི་ཚོགས་གཙོ་གྲས་ལ་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་སྐོར་གྱི་གནས་ཚུལ་མཚམས་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་ལས་ཁུངས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ། མི་ཚོགས་གཙོ་གྲས་ལ་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་རྒྱུའི་སྐོར་གྱི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་པ་ལྟར་ན། རང་རྒྱལ་གྱི་པྲོག་གསར་རིམས་འགོག་སྨན་ཁབ་ཞིབ་འཇུག་ལས་རིམ་བདེ་ལེགས་ཡིན་ལ། ཉེ་ཆར་རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུའུ་རིམས་འགོག་སྨན་ཁབ་སྐོར་ཅིག་གི་འབྲེལ་ཡོད་རྒྱུ་ཆ་འདོན་སྤྲོད་བྱས་ནས། ཟུར་དུ་ཆ་རྐྱེན་བཏོན་ནས་ཚོང་རར་འདོན་རྒྱུར་ཆོག་མཆན་ཐོབ་མིན་ལ་སྒུག་ཡོད། རང་རྒྱལ་དུ་ཁྱོན་བསྡོམས་པྲོག་གསར་རིམས་འགོག་སྨན་ཁབ་ས་ཡ་གཅིག་འཕྲལ་དུ་སྤྱོད་པའི་བྱ་བ་ཡོངས་འགྲུབ་བྱས་པའི་ཁྲོད། མཇུག་འབྲས་ངན་པ་གཅིག་ཀྱང་བྱུང་མ་མྱོང་ལ། མིག་སྔར་པྲོག་གསར་རིམས་ནད་ཀྱི་འགྱུར་ལྡོག་ཅི་རིགས་ལས་རིམས་འགོག་སྨན་ཁབ་ཀྱི་ཕན་འབྲས་ལ་ཤུགས་རྐྱེན་ངན་པ་ཅི་ཡང་ཐེབས་མེད། དགུན་དུས་དང་དཔྱིད་དུས་སུ། འཁྱག་སྦྲེལ་འཁོར་རྒྱུག་གི་ལས་རིམ་དང་མཚོ་འགག་གི་ཞིབ་བཤེར་ལས་དོན། སྨན་བཅོས་རིམས་འགོག་ཚོད་འཛིན། ཞིང་ལས་ཉོ་ཚོང་ཁྲོམ་ར། སྤྱི་བའི་འགྲིམ་འགྲུལ་སོགས་གཙོ་བྱས་ཏེ་མི་ཚོགས་གཙོ་གྲས་ལ་རིམས་འགོག་སྨན་ཁབ་རྒྱག་རྒྱུ་རེད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།