ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི་གསོ་ཕག་དང་ཕག་མའི་གསོག་ཉར་སླར་གསོ་བྱུང་ནས་རྒྱུན་ལོའི་ཆུ་ཚད་ཀྱི་བརྒྱ་ཆའི90ཡན་ལ་སླེབས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས15ཉིན། གསར་འགོད་པས་ཚེས15ཉིན་ཞིང་ལས་ཞིང་སྡེ་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ11པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་གསོ་ཕག་གསོག་ཉར་དང་ཕག་མའི་ཉར་ཚད་དེ་རྒྱུན་ལོའི་ཆུ་ཚད་ཀྱི་བརྒྱ་ཆའི90ཡན་ལ་སླེབས་ཤིང་། ལོ་མཇུག་སྔོན་དུ་གསོ་ཕག་ཐོན་ཚད་དེ་རྒྱུན་ལོའི་ཆུ་ཚད་ལ་སླེབས་ཏེ་ལས་འགན་སྔོན་ལ་ལེགས་འགྲུབ་བྱ་ཐུབ་རྒྱུ་རེད། 

ཞིང་ལས་ཞིང་སྡེ་པུའུ་ཕྱུགས་སྨན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཝེ་ཧོང་དབྱང་གིས་ཚེས15ཉིན་བསྡུས་པའི་གསོ་ཕག་ཐོན་ཚད་གནས་བབ་གསར་འགྱུར་ཚོགས་འདུའི་སྟེང་བསྟན་དོན། ཟླ11པའི་ཟླ་མཇུག་བར་དུ། རྒྱལ་ཡོངས་ཀྱི་ཕག་མའི་ཉར་ཚད་བསྟུད་མར་ཟླ14རིང་འཕར་བསྣོན་བྱུང་ཞིང་། གསོ་ཕག་ཉར་ཚད་བསྟུད་མར་ཟླ10རིང་འཕར་ཡོད། 

ཝེ་ཧོང་དབྱང་གིས་བཤད་རྒྱུར། གནས་བབ་དེར་གཞིགས་ན། སྔོན་དཔག་བྱས་ན་སང་ལོའི་ལོ་སྟོད་དུ་ཐོན་ཚད་ཡོངས་སུ་སླར་གསོ་བྱེད་ཐུབ་རྒྱུ་རེད་ཟེར། ཟླ་དྲུག་རིང་གི་ཕག་གསོའི་དུས་ཚོད་ལྟར་ན། སང་ལོའི་ལོ་སྨད་དུ་གསོ་ཕག་སྒོར་ཐོན་ཚད་རྒྱུན་ལོའི་ཆུ་ཚད་དུ་སླེབས་སྲིད་པ་དང་། གསོ་ཕག་མཁོ་འདོན་བྱེད་ཚད་ལེགས་བཅོས་གང་ལེགས་བྱ་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།