ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲི་ལིའི་ཙུང་ཐུང་ཕི་ཉི་ལར་ཁ་པར་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས15ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲི་ལིའི་ཙུང་ཐུང་ཕི་ཉི་ལར་ཁ་པར་བཏང་ནས་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་ཀྲི་ལི་ནི་ཐེངས་དང་པོར་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་ལ་ཏིང་མེ་གླིང་སྐམ་ས་ཆེན་མོའི་རྒྱལ་ཁབ་ཡིན་པ་དང་། ཀྲུང་གོ་དང་ཀྲི་ལིའི་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ནི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་བར་གྱི་མཐུན་འབྲེལ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་ཡང་ཡིན། ད་ལོར་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ཕྱོགས་གཉིས་ཀྱིས་ལག་གདང་སྦྲེལ་ནས་རིམས་ནད་འགོག་པ་དང་། དུས་ངལ་མཉམ་སེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སོ་སྲུང་རོགས་རེས་བྱེད་པའི་བརྩེ་བ་ཟབ་མོ་མཚོན་ཡོད། ཕྱོགས་གཉིས་ཀྱིས་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་ངོ50རིང་ཀྲུང་གོ་དང་ཀྲི་ལིའི་འབྲེལ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཕྱོགས་བསྡོམ་བྱས་ཏེ། མུ་མཐུད་དུ་གཞན་གྱི་སྔོན་དུ་བྱེད་ཕོད་པའི་སྲོག་རྒྱུན་དར་སྤེལ་བཏང་ནས། ཀྲུང་གོ་དང་ཀྲི་ལིའི་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་ལས་འོད་སྟོང་འཕྲོ་བའི་དུས་རབས་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།

  ཕི་ཉི་ལ་ཡིས་ཀྲི་ལི་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ50རིང་། ཕྱོགས་གཉིས་པོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཆབ་སྲིད་ཐད་ཀྱི་ཕན་ཚུན་ཡིད་ཆེས་དེ་སྔར་བས་ཇེ་བརྟན་དུ་ཕྱིན་པ་དང་། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་འཕེལ་རྒྱས་སླར་གསོ་བྱེད་པ་སོགས་ཀྱི་ཐད་ལོན་པའི་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ལ་བསྔགས་བརྗོད་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་ཁབ་ཀྱི་རང་བདག་ལ་བྱེད་ཐབས་གསར་བའི་བྱས་རྗེས་འབུལ་རྒྱུའི་ཁྱབ་བསྒྲགས་བྱས་ནས་འཛམ་གླིང་ལ་བྱས་རྗེས་གསར་པ་བཞག་ཡོད། ཀྲུང་གོ་ཕྱོགས་ཀྱིས“ལོ་ལྔ་ཚན་བཅུ་བཞིའི”འཆར་འགོད་བཟོས་ནས་ལག་ལེན་དུ་བསྟར་བ་དེས། ཀྲི་ལི་ཕྱོགས་ཚུད་པའི་འཛམ་གླིང་ལ་གོ་སྐབས་དེ་བས་ཆེན་པོ་མཁོ་འདོན་ཐུབ་རྒྱུའི་ཡིད་ཆེས་ཡོད། ཀྲི་ལི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གླེང་མོལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད་པ་དང་། ཧུར་ཐག་གིས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་ཁྲོད་ཞུགས་རྒྱུ་དང་། ཐུན་མོང་གིས་དྲང་སྙོམས་དང་རང་དབང་གི་ཉོ་འཚོང་མ་ལག་སྲུང་སྐྱོང་བྱ་དགོས། རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་གྲོས་དོན་གལ་ཆེན་ཐད་འབྲེལ་བ་དང་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཚོགས་པ་མཉམ་དུ་འཛུགས་དགོས། ཀྲུང་གོར་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་ཤེས་རིག་དང་ཡུན་རིང་གི་འཐབ་ཇུས་མིག་རྒྱང་ཡོད་པས། ཀྲུང་གོས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་གོ་ལ་ཧྲིལ་པོའི་འགྲན་སློང་ལ་དེ་བས་ལེགས་པའི་སྒོ་ནས་ཁ་གཏད་གཅོག་ཆེད་ལེགས་སྐྱེས་འབུལ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས།

 ཉིན་དེར། རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་ཀྱིས་ད་དུང་ཀྲུང་གོ་དང་ཀྲི་ལི་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ50འཁོར་བར་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས།  རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ50འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱ་རྒྱུའི་ཡིད་མཐུན་བྱུང་ནས། ཀྲུང་གོ་དང་ཀྲི་ལིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་ཐུན་མོང་གིས་སྐུལ་འདེད་བཏང་། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།