ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་སོ་སོས“བདེ་ཐང་ཨང་རྟགས”ཕྱོགས་ནས་རྒྱལ་ཡོངས་ངོས་ལེན་དོན་འཁྱོལ་བྱེད་དགོས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས10ཉིན། རིམས་ནད་འགོག་བཅོས་ཚོད་འཛིན་རྒྱུན་ལུགས་ཅན་གྱི་རྒྱབ་ལྗོངས་འོག  བདེ་ཐང་ཨང་རྟགས་དེ་སྒོ་ཕྱིར་འགྲོ་བའི་དགོས་ངེས་གྲ་སྒྲིག་ཏུ་གྱུར་ཡོད།  ས་ཁུལ་བརྒལ་བའི་འཁོར་རྒྱུག་མི་སྣས་བདེ་ཐང་ཨང་རྟགས་ཐོ་འགོད་ཞིབ་བཤེར་གྱིས་སྟབས་བདེ་བོ་མིན་པས། ཚེས10ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུའུ། རྒྱལ་ཁབ་ཀྲུང་ལུག་གསོ་རིག་དོ་དམ་ཅུའུ་བཅས་ཀྱིས་མཉམ་འབྲེལ་སྒོས《དྲ་རྒྱ་དང་སྨན་བཅོས་བདེ་ཐང་ལ་སྐུལ་འདེད་གཏོང་བའི་གཅིག་ལྔ་ཞབས་ཞུའི་བརྡ་སྦྱོར》ཁྱབ་བསྒྲགས་བྱས་ཏེ། ས་གནས་སོ་སོས་བདེ་ཐང་ཨང་རྟགས་དེ་རྒྱལ་ཡོངས་ནས་ངོས་ལེན་དང་བཀོལ་སྤྱོད་བྱེད་པ་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན། 

བརྡ་སྦྱོར་ལས། ས་གནས་སོ་སོས་རྒྱལ་ཡོངས་གཞི་གཅིག་ཅན་གྱི་ཞབས་ཞུ་སྟེགས་བུར་བརྟེན་ནས། བདེ་ཐང་ཨང་རྟགས་ཀྱི་བརྡ་འཕྲིན་ཕན་ཚུན་ངོས་ལེན་སྒྲིག་སྲོལ་དང་གཏན་སྲོལ་དོན་འཁྱོལ་བྱས་ཏེ། ས་ཁུལ་བརྒལ་བའི་འཁོར་རྒྱུག་མི་སྣའི་བདེ་ཐང་ཨང་རྟགས་བརྡ་འཕྲིན་དེ་ས་གནས་སོ་སོ་ནས་ཡིད་རྟོན་དང་བེད་སྤྱོད་བྱས་ནས། འགྲོ་འོང་མི་སྣས་འགྲོ་འོང་དང་ཞིང་ཆེན་བརྒལ་ཏེ་འཁོར་རྒྱུག་བྱེད་པར་སྟབས་བདེ་སྐྲུན་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་གཅིག་གྱུར་སྲིད་ཇུས་དང་། གཅིག་གྱུར་ཚད་ལྡན། རྒྱལ་ཡོངས་ངོས་ལེན་དང་བེད་སྤྱོད་བྱེད་པ་མངོན་འགྱུར་བྱུང་དགོས་པའི་བླང་བྱ་བཏོན།། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།