ཀྲུང་གོ་བོད་ཀྱི་དྲ་བ།

ན་གོར་མོ་ནས་ཁུའུ་འར་ལིའི་བར་གྱི་ལྕགས་ལམ་འཛུགས་སྐྲུན་ཁྲོད་བྱེ་འགོག་བཅོས་སྐྱོང་ལག་རྩལ་ཁྱབ་གདལ་ཐོབ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ12པའི་ཚེས8ཉིན།ཞིན་ཅང་དུ་བསྐྱོད་པའི་ལྕགས་ལམ་གསུམ་པ་སྟེ་ན་གོར་མོ་ནས་ཁུའུ་འར་ལིའི་བར་གྱི་ལྕགས་ལམ་མི་འགྱངས་བར་འཁོར་རྒྱུགས་བྱེད་ཐུབ་པ་དང་། ཀྲུང་གོའི་བྱེ་ཐང་ཆེན་མོ་ཐ་ཁུ་ལ་མ་ཀན་བྱེ་ཐང་བརྒལ་བའི་ལྕགས་ལམ་འཆར་འགོད་འཛུགས་སྐྲུན་ཁྲོད། ལོ་ངོ་4ཡི་ཚོད་ལྟའི་ཞིབ་འཇུག་བརྒྱུད།བྱེ་རླུང་ཁུལ་སོ་སོའི་མཚམས་ཀྱི་བྱེ་འགོག་བཅོས་སྐྱོང་བྱེད་ཐབས་སྒྲིག་འཛུགས་བྱས་ཤིང་།དེའི་ཁྲོད་གསར་སྤེལ་བྱས་པའི་ལག་རྩལ་གསར་བ་དང་རྒྱུ་ཆ་གསར་བ་དེ་ནང་སོག་དང་མཚོ་སྔོན།ཀན་སུའུ། ཞིན་ཅང་སོགས་ས་གནས་ཀྱི་གཞུང་ལམ་དང་ལྕགས་ལམ་སྟེང་ཁྱབ་གདལ་བེད་སྤྱོད་ཐོབ། 

ཀྲུང་གོའི་ལྕགས་ལམ་ཚོགས་ཁག་ཞིན་ཅང་ལྕགས་ལམ་འཆར་འགོད་ཚད་ཡོད་ཀུང་སིའི་ན་གོར་མོ་ནས་ཁུའུ་འར་ལིའི་ལྕགས་ལམ་ཞིན་ཅང་མཚམས་ཀྱི་ལས་གཞིའི་འགན་ཁུར་བ་བང་ཞིན་ཧྲོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། བྱེ་རླུང་ནི་ན་གོ་མོ་ནས་ཁུའུ་འར་ལིའི་བར་གྱི་ལྕགས་ལམ་དེ་ལྕགས་ལམ་གཞན་ལས་ཁྱད་ཆོས་མངོན་གསལ་ཡོད་ཅིང་། ལམ་མཚམས་ཡོངས་སུ་བྱེ་འགོག་དང་མྱ་ངམ་ཐང་གི་བྱེ་རླུང་གི་གནོད་འཚེ་ཅུང་ཡོངས་ཁྱབ་ཡིན་ལ།གལ་ཆེན་འགོག་སྲུང་མ་པ་མ་འགྲིག་ཚེ།ལྕགས་ལམ་འཁོར་རྒྱུགས་ལ་གནོད་འཚེ་ཐེབས་སྲིད་ཟེར།། དེ་བས།ལྕགས་ལམ་འཆར་འགོད་བཟོ་སྐྲུན་ལས་ཁུངས་ཀྱིས་འབྲེལ་ཡོད་ཚན་རིག་ཞིབ་འཇུག་སྡེ་ཁག་དང་བྱེ་འགོག་ཚོད་ལྟ་སྤེལ་ཞིང་།ལོ་ངོ་བཞིའི་རིང་། བྱེ་རླུང་དེ་ལྕགས་ལམ་འགྲམ་རྒྱུད་ཀྱི་འགྱུར་ལྡོག་གནས་ཚུལ་ཁོང་དུ་ཆུད་པར་བྱས་ཤིང་།སྔ་གཞུག་ཏུ་བྱེ་འགོག་གཏན་སྲུང་ཆེད་སྤྱོད་ཐོན་རྫས་སྣ་11གསར་སྤེལ་བྱས།།

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།