ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་དང་མཇལ་འཕྲད་གནང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས8ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་བརྒྱུད་དེ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་དང་མཇལ་འཕྲལ་གནང་།

ཟླ12པའི་ཚེས8ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་བརྙན་ལམ་བརྒྱུད་དེ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་ཙུང་ཚའེ་ཀེ་ཨོར་ཅི་ཡེ་ཝ་དང་མཇལ་འཕྲལ་གནང་།

ལིས་ཁི་ཆང་གིས་བསྟན་དོན། མི་རིང་བའི་སྔོན་ལ་ངས་ཙུང་ཚའེ་དང་རྒྱལ་སྤྱིའི་དཔལ་འབྱོར་སྒྲིག་གཞིའི་འགན་འཁུར་བ་གཙོ་བོ་ཁ་ཤས་དང“1+6”གི་གླེང་མོལ་ཚོགས་འདུ་ཐེངས་ལྔ་པ་འཚོགས་པ་དང་། ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་དང་ལག་གདང་མཉམ་སྦྲེལ་སྒོས་འཛམ་གླིང་རང་བཞིན་ཅན་གྱི་འགྲན་སློང་ལ་ཁ་གཏད་བྱ་རྒྱུ་ཡིན་ཞེས་ཁ་གསལ་བཏོན། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱིས་རང་མོས་ཉོ་ཚོང་ལ་སྐུལ་འདེད་དང་འཛམ་གླིང་དཔལ་འབྱོར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། ཕྱོགས་མང་གི་ཐུན་མོང་ངོས་འཛིན་ཆགས་རྒྱུར་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་བརྩོན་བྱས་ཏེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཡིན་པའི་ཀྲུང་གོས་དེའི་ཐད་བྱས་རྗེས་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།

ལིས་ཁི་ཆང་གིས་ད་ལྟའི་ཀྲུང་གོའི་དཔལ་འབྱོར་གནས་བབ་མཚམས་སྦྱོར་བྱས་ཏེ། ད་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་རྒྱུར་གདེང་ཚོད་ཆེན་པོ་ཡོད་པ་དེ་མི་འབོར་དུང་ཕྱུར14ཡོད་པའི་རྒྱལ་ཁབ་ཀྱི་ངོས་ནས་བརྗོད་ན་ཧ་ཅང་ལས་སླ་པོ་ཞིག་མིན། མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱེད་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་མོད། འོན་ཀྱང་སྔར་བཞིན་ངེས་གཏན་མེད་པའི་རང་བཞིན་ཁ་ཤས་འཕྲད་ཡོད་པས། ང་ཚོས་མུ་མཐུད་དུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ནས་གཅིག་གྱུར་འཆར་འགོད་བྱས་ཏེ། སྤྱི་ཁོག་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་། བརྟན་བརླིང་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་རྒྱུན་འཁྱོངས་དང་། ཧུར་ཐག་གིས་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་དེ་ལུགས་མཐུན་གྱི་བར་མཚམས་སུ་སྲུང་འཛིན་བྱ་དགོས་ཞེས་བསྟན།

ཀེ་ཨོར་ཅི་ཡེ་ཝ་ཡིས་བཤད་རྒྱུར། ཀྲུང་གོས་ཚོང་དོན་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ། དབུལ་པོ་ཉུང་གཏོང་། ཐཱན་ཉུང་འཕར་རྒྱུ་མངོན་འགྱུར་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་བཞིན་ཡོད་པས། ཐེབས་རྩ་རྩ་འཛུགས་ཀྱིས་དེའི་ཐད་བསྔགས་བརྗོད་བྱས་པ་རེད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཉམ་ལས་ལ་ཤུགས་སྣོན་པ་དང་མཉམ་དུ་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་བྱེད་འདོད་ཡོད། གོ་ལ་ཧྲིལ་པོའི་ཚོང་དོན་སླར་གསོ་ཡོང་རྒྱུར་སྒུལ་ཤུགས་མཁོ་འདོན་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོའི་འཕེལ་ཕྱོགས་སྔར་བས་ཆེ་རུ་གཏོང་དགོས་ཞེས་གསུངས།

རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧོ་ལི་ཧྥེང་སོགས་ཞུགས་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།