ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཀྱི་ཆེད་དོན་སློབ་སྦྱོང་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་སྔོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་དམིགས་ནས་གྲུབ་འབྲས་ལྡན་པའི་སློབ་སྦྱོང་བྱ་འགུལ་སྤེལ་བ་དང་། དཔེ་སྟོན་སྣེ་ཁྲིད་ནུས་པ་སྔར་ལས་འདོན་སྤེལ་བྱས་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཁྱབ་པར་སྐུལ་འདེད་བཏང་བ་དང་། འགུལ་སྐྱོད་དངོས་ལ་བརྟེན་ནས་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་མདུན་གྲས་སུ་བསྐྱོད་དེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།

རང་བྱུང་ཐོན་ཁུངས་པུའུ་ཡིས་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་དེ་ཏང་ཡོན་ལས་བྱེད་པ་བཞི་བརྒྱ་དང་མཉམ་དུ་ཆེད་དོན་སློབ་སྦྱོང་བྱས།

ཀྲུང་དབྱང་ནོར་སྲིད་གཞུང་སྒྲུབ་ཁང་གིས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་པར་དམིགས་ནས་ཆེད་དོན་སློབ་སྦྱོང་སྤེལ་བ་དང་། ཡིག་ཆའི་མ་ཟིན་འགོད་པའི་ཁྲོད་ཞུགས་པའི་ལྟེ་གནས་ཚན་ཆུང་གི་ཁོངས་མིས་གཏམ་བཤད་ལ། ཁོངས་མི་གཞན་པས་ངོས་ཟིན་དང་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་ཏང་གི་སློབ་གྲྭའི་ཨུ་ཡོན་ལྷན་ཁང་གིས་སྔ་གཞུག་ཏུ་རྒྱ་སྐྱེད་གྲོས་ཚོགས་ཐེངས་གསུམ་ལ་བསྡུས་ནས། རྒྱུན་མཐུད་ངང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས།

སྐྱེ་ཁམས་ཁོར་ཡུག་པུའུ་དང་ལས་ཁུངས་ཀྱི་ཟི་དང་ཅུའུ། པེ་ཅིན་དང་ཕྱི་ཕྱོགས་ཀྱི་སྡེ་ཁག ཆེད་མཁས་དང་རིག་གནས་པ། ཏང་གི་སློབ་གྲྭའི་སློབ་མ། ན་གཞོན་འཐུས་ཚབ་པ་བཅས་ཀྱིས་མཉམ་དུ་སློབ་སྦྱོང་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་གོ་དོན་ཐད་ཀྱི་རྒྱུས་ལོན་ཇེ་ཟབ་ཏུ་བཏང་།

འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡིས་སྡེ་ཁག་བརྒལ་བའི་མཉམ་འབྲེལ་སློབ་སྦྱོང་སྤེལ་བ་དང་། ཚོང་འགུག་ཅུའུ་སྡེ་ཚོགས་ཀྱི་ཏང་ཨུའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་དང་ཞིབ་སྡུར་བརྗེ་རེས་བྱས།

ཞིང་ལས་ཞིང་སྡེ་པུའུ་དང་པུའུ་ཡི་ཁོངས་གཏོགས་སྡེ་ཁག་སོ་སོའི་ཏང་སྲིད་འགན་ཁུར་བློ་མཐུན་གཙོ་བོས་པུའུ་ཡི་ཏང་གི་སློབ་གྲྭ་རུ་གཅིག་བསྡུས་སྒོས་དུས་ཡུན་ཉིན་གཉིས་རིང་གི་བརྗེ་རེས་ཞིབ་སྡུར་བྱས་ནས། བསམ་བློ་གཅིག་གྱུར་དང་ངོས་འཛིན་གཏིང་ཟབ་ཏུ་བཏང་།

ཆེད་དོན་སློབ་སྦྱོང་ཁྲོད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་ཀྱིས་ཟུར་ཞུགས་ཟུར་ཉན་བྱ་བའི་རྐྱེན་སྲོལ་བཙུགས་ནས། མཉམ་འབྲེལ་སྒོས་མི་སྣ་མངག་སྟེ་ཡུལ་དངོས་མཛུབ་སྟོན་དང་ལྟ་སྐུལ། ཞིབ་བཤེར་བྱས།

ཐེངས་འདིའི་སློབ་སྦྱོང་གིས་སློབ་སྦྱོང་ཟབ་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ། གོ་དོན་མཐིལ་རྟོགས་བྱས། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གིས་སློབ་སྦྱོང་ཁྲོད། ཚང་འཛོམས་གྲོས་ཚོགས་སྟེང་ཏང་གི་འཛུགས་སྐྲུན་སྤུས་ཚད་མཐོར་འདེགས་གཏོང་བའི་རེ་བ་བཏོན་ནས། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པ་དང་། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་ལེགས་བསྒྱུར་བྱེད་པའི་ཐད་ཀྱི་དམིགས་འབེན་ལས་འགན་གཏན་ཁེལ་གསལ་བོ་བྱས།

ཚན་རྩལ་པུའུ་ཡིས་སློབ་སྦྱོང་བྱས་རྗེས་བསྟན་དོན། ཚན་རྩལ་རང་སྟོབས་རང་འཕེལ་དེ་རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་འདེགས་སྐྱོར་དུ་བྱེད་རྒྱུ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཕེལ་རྒྱས་ཀྱི་གནས་བབ་ལ་རྒྱུས་ལོན་བྱེད་ཆེད་བཏོན་པའི་འཐབ་ཇུས་གདམ་བསེས་ཡིན།

མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས་སློབ་སྦྱོང་བྱས་རྗེས། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་རྒྱུ་ནི་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་བའི་རེ་བ་དང་མཐུན་པར་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཀྱི་དགེ་མཚན་གསར་བ་བསྐྲུན་པའི་དགོས་ངེས་ཀྱི་གདམ་བསེས་ཡིན་པས། ཕན་ཡོད་ལམ་བུ་འཚོལ་ཞིབ་བྱེད་དགོས་པའི་ཚུལ་བསྟན།

ཚོང་དོན་པུའུ་ཡིས་སློབ་སྦྱོང་ཁྲོད་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚང་འཛོམས་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་སྟེ། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་གྱི་རྒྱལ་ཁ་ལེན་པའི་ཐད་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས་ཟེར།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་ཏང་ཙུའུ་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་རང་སོ་སོའི་བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་བྱེད་པའི་བསམ་ཕྱོགས་དང་བྱེད་ཐབས་གཏན་ཁེལ་བྱས།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་བསྟན་དོན། འཐབ་ཇུས་ལས་འགན་གལ་ཆེན་དང་བཟོ་སྐྲུན་ལས་གཞི་གལ་ཆེན། བཅོས་བསྒྱུར་གྱི་བྱེད་ཐབས་གལ་ཆེན་ཞིབ་འཇུག་དང་ཕྱིར་བཏོན་ནས། སྤུས་ཚད་མཐོན་པོ་དང་ཆ་ཚད་མཐོན་པོས་ཀུན་གྱིས་རིག་སྟོབས་གཅིག་ཏུ་བསྡུས་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རྩ་གནད་སྒྲིག་བཟོ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས། ལས་ཁུངས་ཡོངས་ཀྱིས་རང་བདག་གསར་གཏོད་ལ་ཤུགས་སྣོན་པའི་གཙོ་ཤུགས་དམག་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱེད་པའི་གཙོ་ཤུགས་དམག སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་གཙོ་ཤུགས་དམག་བཅས་བྱེད་ཆེད་འབད་འཐབ་བྱེད་དགོས་ཟེར།

སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་པུའུ་ཡིས། གྲོང་ཁྱེར་གྱི་གསར་བརྗེ་འགུལ་སྐྱོད་ལག་བསྟར་བྱེད་པ་དང་། སྡོད་ཁང་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཞིང་སྡེ་འཛུགས་སྐྲུན་ཆུ་ཚད་མཐོར་འདེགས་བཏང་སྟེ། སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས་ཟེར།

རིག་གནས་དང་གནས་སྐོར་པུའུ་ཡིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་རིག་གནས་ཀྱི་མཉེན་ཤུགས་ཇེ་དྲག་ཏུ་གཏོང་བ་དང་མི་དམངས་ཀྱི་སྙིང་སྟོབས་སྟོབས་ཤུགས་ཇེ་དྲག་ཏུ་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།