ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲེང་གིས་སིང་ཀ་ཕོར་གྱི་ཙུང་ལི་གཞོན་པ་ཝང་རུའེ་ཅེ་དང་མཉམ་དུ་ཀྲུང་སིང་ཕྱོགས་གཉིས་པོའི་མཉམ་ལས་ལམ་སྲོལ་ཚོགས་འདུར་གཙོ་སྐྱོང་གནང་རྒྱུ་ཡིན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས7ཉིན་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཀྲུང་གོ་དང་སིང་ཀ་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དྲུག་པ་དང་། ཀྲུང་གོ་དང་སིང་ཀ་ཕོར་གྱི་སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གྱི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གཅིག་པ། ཀྲུང་གོ་དང་སིང་ཀ་ཕོར་གྱི་ཐེན་ཅིན་སྐྱེས་ཁམས་གྲོང་རྡལ་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཅུ་གཉིས་པ། ཀྲུང་གོ་དང་སིང་ཀ་ཕོར་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་སྦྲེལ་མཉམ་མཐུད་དཔེ་སྟོན་རྣམ་གྲངས་ཀྱི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་བཞི་པ་བཅས་ཟླ12པའི་ཚེས8ཉིན་བརྙན་ལམ་བརྒྱུད་ནས་འཚོག་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་གིས་སིང་ཀ་ཕོར་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ལི་གཞོན་པ་ཝང་རུའེ་ཅེ་དང་མཉམ་དུ་གོང་གསལ་གྱི་ཚོགས་འདུར་གཙོ་སྐྱོང་གནང་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།