ཀྲུང་གོ་བོད་ཀྱི་དྲ་བ།

ཧྥུའུ་ཅན་དང་ཧའེ་ནན་ཞིང་ཆེན་ཏང་ཨུའི་འགན་ཁུར་བློ་མཐུན་གཙོ་བོའི་ལས་འགན་སྡེབ་སྒྲིག་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་ཐག་གཅོད་ལྟར། བློ་མཐུན་དབྱི་ལི་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྒྱུན་ཨུ། ཧྲུའུ་ཅིིར་བསྐོས་པ་དང་། བློ་མཐུན་ཡུས་ཝའེ་ཡི་ཧྥུའུ་ཅན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ཨུ། ཨུ་ཡོན་གྱི་གོ་གནས་བླངས། བློ་མཐུན་ཧྲིན་ཞའོ་མིན་ཧའེ་ནན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅིར་བསྐོས་པ་དང་། བློ་མཐུན་ལིག་ཚིས་ཀོས་ཡི་ཧའེ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་རྒྱུན་ཨུ། ཨུ་ཡོན་གྱི་གོ་གནས་ཕྱིར་འཐེན་བྱས་པ་ཐག་གཅོད་བྱས། ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།