ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས“ཕ་ལེ་སི་ཐན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོར”དྲན་གསོའི་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས1ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕ་ལེ་སི་ཐེན་མི་དམངས་ལ་རོགས་སྐྱོར་བྱེད་པའི་རྒྱལ་སྤྱིའི་ཉིན་མོའི་དྲན་གསོའི་ཚོགས་ཆེན་བསྡུས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་བཤད་རྒྱུར། ཕ་ལེ་སི་ཐན་གྱི་གནད་དོན་དེ་དབུས་ཤར་ས་ཁུལ་གྱི་འབྱུང་རྩའི་རང་བཞིན་གྱི་གནད་དོན་ཞིག་ཡིན་པའི་ཆ་ནས། ས་ཁུལ་གྱི་ཞིབ་བདེ་དང་བརྟན་ལྷིང་ལ་འབྲེལ་བ་ཡོད་པ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་དང་འབྲེལ་བ་ཡོད་དེ། མིའི་རིགས་ཀྱི་སྤྱོད་བཟང་དྲང་བདེན་དང་འབྲེལ་བ་ཡོད་པ་རེད།  ཕ་ལེ་སི་ཐན་དང་དབྱི་སི་རལ་ཁྱིམ་མཚེས་ལྟར་སྡོད་པ་དང་ཞི་བདེ་མཉམ་གནས་ཡོང་བར་མངོན་འགྱུར་བྱ་དགོས། དེ་ནི་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་མི་དམངས་ཀྱི་མི་རབས་ནས་མི་རབས་བར་གྱི་ཕུགས་འདུན་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་ཁག་གི་མི་དམངས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་བ་ཆེན་པོ་ཞིག་ཀྱང་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་”ཡི་ཁ་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང“ས་ཞིང་ཞི་བདེ་བརྗེ་བའི”རྩ་དོན་སོགས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་རྨང་གཞིར་བྱས་ཏེ། ཧུར་ཐག་གིས་དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ལ་སྐུལ་འདེད་གཏོང་དགོས། མིག་སྔའི་གནས་བབ་འོག  པྲོག་གསར་གློ་ཚད་རིམས་ནད་ཀྱིས་ཕ་ལེ་སི་ཐན་ལ་བཟོས་པའི་འགྲན་སློང་ཛ་དྲག་ལ་དོ་ཁུར་བྱས་ཏེ། ཕ་ལེ་སི་ཐན་མི་དམངས་ལ་རོགས་རམ་བྱས་ཏེ་རིམས་ནད་འགོག་བཅོས་བྱེད་དགོས་ཞེས་གསུངས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཕ་ལེ་སི་ཐན་གྱི་གནད་དོན་ལ་ཚད་མཐོའི་དོ་ཁུར་བྱས་ཏེ། ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱིའི་སྤྱི་ལུགས་དང་དྲང་བདེན་རྒྱུན་འཛིན་དང་། ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་པའི་དྲང་བདེན་གྱི་བྱ་གཞག་ལ་རྒྱབ་སྐྱོར་ཡོད་པ་དང་།  ཕཱ་ལེ་སི་ཐན་གྱི་གནད་དོན་ཞི་བས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བར་ཕན་པའི་འབད་བརྩོན་ལ་རྒྱབ་སྐྱོར་བྱེད་དགོས། རིམས་ནད་ཐོན་ཚུན་ཀྲུང་གོས་ཕྱོགས་མང་ཀྱི་ཐབས་ལམ་བརྒྱུད་དེ་ཕ་ཁི་སི་ཐན་ཕྱོགས་ལ་རིམས་ནད་འགོག་བཅོས་ཀྱི་རོགས་སྐྱོར་མང་པོ་བྱས་ཡོད། ཕ་ལེ་སི་ཐན་གྱི་གྲོགས་པོ་བཟང་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་མུ་མཐུད་དུ་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱ་རྒྱུ་ཡིན། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་རྒྱལ་ཁབ་དང་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཆ་ནས། ཀྲུང་གོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་སྔ་མོ་ནས་ཕ་ལེ་སི་ཐན་གྱི་གནད་དོན་ཕྱོགས་ཡོངས་དང་། དྲང་གཞག  རྒྱུན་སྲིང་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད་པ་དང་། སྔ་མོ་ནས་དབུས་ཤར་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས་བཅས་མངོན་འགྱུར་ཡོང་ཆེད་བྱས་རྗེས་འཇོག་དགོས་ཞེས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།