ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་ལོ་ལོན་རྣམས་ཀྱིས་རིག་ནུས་ལག་རྩལ་བཀོལ་དཀའ་བའི་གནད་དོན་ཅིས་ཀྱང་ཐག་གཅོད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། མིག་སྔར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་ལོ་ལོན་རྣམས་ཀྱིས་རིག་ནུས་ལག་རྩལ་བཀོལ་དཀའ་བའི་གནད་དོན་ཅིས་ཀྱང་ཐག་གཅོད་པའི་སྐོར་གྱི་ལག་བསྟར་ཇུས་གཞི་འགྲེམ་སྤེལ་བྱས་ཏེ། ལོ་ལོན་རྣམས་ཀྱིས་རིག་ནུས་ལག་རྩལ་བཀོལ་སྤྱོད་བྱེད་སྐབས་འཕྲད་པའི་དཀའ་ཁག་ཐག་གཅོད་པར་སྐུལ་འདེད་གཏོང་བ་དང་། སྲོལ་རྒྱུན་ཞབས་ཞུའི་རྣམ་པ་དང་རིག་ནུས་ཅན་གྱི་ཞབས་ཞུ་གསར་སྐྲུན་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། ལོ་ལོན་རྣམས་ལ་སྔར་ལས་འཐུས་ཚང་དང་སྔར་ལས་ཐད་ཀར་དུ་བཀོལ་སྤྱོད་བྱེད་ཆོག་པའི་སྟབས་བདེ་ཅན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཐད་ལ་བཀོད་སྒྲིག་བྱས།

ལག་བསྟར་ཇུས་གཞི་ལས་ལོ་ལོན་རྣམས་ཀྱིས་ནད་སྟོན་པ་དང་འཛད་སྤྱོད་བྱེད་པ། སྤྲོ་སྐྱིད་ལ་རོལ་བ།  དོན་དག་བསྒྲུབ་པ་སོགས་ཕྱོགས་བདུན་གྱི་ཞབས་ཞུའི་རྣམ་པར་དམིགས་ཏེ། བདེ་ཐང་ཨང་བཤུར་བཀོལ་སྤྱོད་འཐུས་ཚང་དུ་གཏོང་བ་དང་ལོ་ལོན་རྣམས་སྤྱི་སྤྱོད་རླངས་འཁོར་ལ་འདུག་པར་སྟབས་བདེ་བཟོ་བ། དྲ་ཐོག་གི་དོན་སྒྲུབ་ཞབས་ཞུ་ལེགས་སྒྱུར་བྱེད་པ། སྲོལ་རྒྱུན་དངུལ་རྩ་ཞབས་ཞུའི་རྣམ་པ་སོར་ཉར་བྱེད་པ། རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་སྟེགས་བུ་ལ་བརྟེན་ནས་དོན་སྒྲུབ་ཞབས་ཞུ་སྟབས་བདེ་བཟོ་བ་སོགས་བྱེ་བྲག་གི་བྱ་བའི་བྱེད་ཐབས་ཉི་ཤུ་བཏོན། ཉིས་སྟོང་ཉི་ཤུ་ལོའི་ལོ་མཇུག་གི་སྔོན་ལ། སྟོབས་ཤུགས་གཅིག་བསྡུས་སྒོས་སྲོལ་རྒྱུན་ཞབས་ཞུ་སྣ་ཚོགས་ཀྱི་མས་སྐྱོར་འགན་སྲུང་དོན་ཐོག་ཏུ་འཁྱོལ་བྱ་བར་སྐུལ་འདེད་གཏོང་བ་དང་། ལོ་ལོན་རྣམས་ཀྱིས་རིག་ནུས་ལག་རྩལ་བཀོལ་དཀའ་བའི་གནད་དོན་ཐག་གཅོད་པའི་ནུས་ལྡན་བྱེད་ཐབས་གཏན་འཁེལ་དང་ལག་བསྟར་བྱས་ནས། ལོ་ལོན་རྣམས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་ཡོངས་སུ་སྐོང་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།