ཀྲུང་གོ་བོད་ཀྱི་དྲ་བ།

ཟླ་བའི་ལྷ་མོ་རྟགས་ཅན་ལྔ་བའི་འཚོལ་ཞིབ་འཕྲུལ་ཆས་ཡང་བསྐྱར་ཟླུམ་གཟུགས་དང་ཉེ་བའི་ཟླ་བའི་སྐོར་ལམ་དུ་འཕུར་བསྐྱོད་བྱས་པ།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ་བའི་ལྷ་མོ་རྟགས་ཅན་ལྔ་བའི་འཚོལ་ཞིབ་འཕྲུལ་ཆས་ཡང་བསྐྱར་ཟླུམ་གཟུགས་དང་ཉེ་བའི་ཟླ་བའི་སྐོར་ལམ་དུ་འཕུར་བསྐྱོད་བྱས་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས29ཉིན།གསར་འགོད་པས་རྒྱལ་ཁབ་མཁའ་བསྐྱོད་ཅུས་ནས་ཤེས་གསལ་བྱུང་བ་ལྟར་ན། ཟླ11པའི་ཚེས29ཉིན་གྱི་དུས་ཚོད་20དང་སྐར་མ་23སྟེང་།ཟླ་བའི་ལྷ་མོ་རྟགས་ཅན་ལྔ་བས་ཟླ་བ་དང་ཉེ་ས་ནས་ཡང་བསྐྱར་རེ་ཞིག་འཕུར་མཚམས་བཞག་ཏེ།འཕུར་ལམ་དེ་སྒོང་གཟུགས་ནས་ཟླ་བ་དང་བསྐོར་བ་རྒྱག་པ་ནས་ཟླུམ་གཟུགས་འཕུར་ལམ་དུ་ཞུགས།དེའི་རྗེས་སུ། ཟླ་བའི་ལྷ་མོ་རྟགས་ཅན་ལྔ་བའི་འཚོལ་ཞིབ་འཕྲུལ་ཆས་ཀྱིས་གོ་སྐབས་བདམས་ནས་སར་འབབ་འཕྲུལ་ཆས་དང་ཡར་འདེགས་འཕྲུལ་ཆས་མཉམ་འདུས་དེ་འཕུར་ལམ་འཕྲུལ་ཆས་དང་ཕྱིར་ལོགས་འཕྲུལ་ཆས་དང་ཁ་བྲལ།སར་འབབ་འཕྲུལ་ཆས་དང་ཡར་འདེགས་འཕྲུལ་ཆས་མཉམ་འདུས་དེ་ཟླ་བའི་གོ་ལའི་ངོས་སུ་སར་འབབ་རྒྱུ་ཡིན་ལ།འཆར་གཞི་ལྟར་རང་འགུལ་སྒོས་མ་དཔེ་བསྡུ་སྒྲིག་སོགས་ཀྱི་བྱ་བ་སྒྲུབ་རྒྱུ་རེད། །

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།