ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཙུང་ལི་ལིས་ཁི་ཆང་གིས་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་བའི་སྐོར་གྱི་བསམ་འཆར་འགྲེམ་སྤེལ་བྱས།

བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། མི་དམངས་བདེ་ཐང་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ལས་ཁུངས་བརྒལ་ནས་རོགས་ལས་བྱེད་པ། སྤྱི་ཚོགས་ཡོངས་ལ་སྐུལ་སློང་བྱེད་དགོས་ལ། སྔོན་འགོག་གཙོར་འཛིན་པ་དང་མཉམ་འགོག་མཉམ་སྲུང་བྱེད་པ། བྱ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ། རྣམ་པ་དང་བྱེད་ཐབས་གསར་སྐྲུན་བྱེད་དགོས་པར་མ་ཟད། པྲོག་གསར་གློ་ཚད་རིམས་ནད་འགོག་སྲུང་ཁྲོད་ཀྱི་ནུས་ལྡན་ཉམས་མྱོང་དང་སྒྲུབ་སྟངས་ལ་སྤྱི་སྡོམ་དང་ཁྱབ་གདལ་དུ་གཏོང་བ་དང་། གནད་དོན་དང་མཇུག་འབྲས་ཀྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ། གཞི་གྲངས་ཆེན་མོའི་བཀོལ་སྤྱོད་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ལ། མི་སྡོད་ཁོར་ཡུག་ལེགས་བཅོས་བཟང་བོ་བྱེད་པ་དང་། ནུས་ལྡན་སྒོས་འགོས་ནད་དང་རྒྱུན་ནད་འགོག་སྲུང་བྱེད་པ། མང་ཚོགས་ཀྱི་བདེ་ཐང་བྱང་ཚད་དང་དམངས་ཡོངས་ཀྱི་བདེ་ཐང་ཆུ་ཚད་མཐོར་འདེགས་སུ་བཏང་ནས། བདེ་ཐང་ཀྲུང་གོའི་དམིགས་འབེན་མངོན་འགྱུར་བྱེད་པར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།

བསམ་འཆར་ལས། སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་འཐུས་ཚང་དུ་གཏོང་བ་དང་བདེ་ཐང་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། སྤྱི་ཚོགས་བདེ་ཐང་དོ་དམ་ལ་ཤུགས་སྣོན་པ། བྱ་བའི་རྣམ་པ་དང་བྱེད་ཐབས་གསར་སྐྲུན་བྱེད་པ་བཅས་ཕྱོགས་བཞི་ནས་རྒྱལ་གཅེས་འཕྲོད་བསྟེན་འགུལ་སྐྱོད་སྤེལ་བའི་བྱ་བའི་ལས་འགན་གཙོ་བོ་བཀོད་སྒྲིག་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།