ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དཀར་པོས་རྩ་ཁྲིམས་བཅོས་སྒྱུར་བྱེད་འགོ་བརྩམས་པ་དེས་ཨུ་རུ་སི་དཀར་པོའི་གནས་བབ་བརྟན་འཇགས་ཡོང་བར་རོགས་འདེགས་བྱེད་པ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  ཟླ11པའི་ཚེས26ཉིན། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུའུ་ལོ་ཧྥུའུ་ཡིས་ཨུ་རུ་སིའི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་བཤད་དོན། ཨུ་རུ་སི་དཀར་པོས་རྩ་ཁྲིམས་བཅོས་སྒྱུར་བྱེད་མགོ་བརྩམས་པ་དེས་ཨུ་རུ་སི་དཀར་པོའི་གནས་བབ་བརྟན་འཇགས་ཡོང་བར་རོགས་འདེགས་བྱེད་པ་ཡིན་ཟེར།

ཉིན་དེར། ལ་ཧྥུའུ་ལོ་ཧྥུའུ་དང་ཨུ་རུ་སི་དཀར་པོའི་ཕྱི་འབྲེལ་པུའུ་ཀྲང་མ་ཁི་དབྱི་གཉིས་ཀྱིས་མེན་སི་ཁི་ནས་མཉམ་དུ་མགོ་འཛིན་བྱས་ཏེ་ཨུ་རུ་སི་དང་ཨུ་རུ་སི་དཀར་པོ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཡི་འབྲེལ་འདྲིས་གྲོས་ཚོགས་བསྡུས། ལ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་དོན། ཨུ་རུ་སི་དཀར་པོ་ནི་ཨུ་རུ་སིའི་མནའ་འབྲེལ་གྲོགས་པོ་དང་འཐབ་ཇུས་ཀྱི་གྲོགས་པོ་ཡིན་པས། ཨུ་རུ་སི་ཕྱོགས་ཀྱིས་ཨུ་རུ་སི་དཀར་པོའི་གནས་བབ་བརྟན་འཇགས་ཡོང་བར་རེ་སྒུག་བྱས་ཡོད། ཨུ་རུ་སི་ཕྱོགས་ཀྱིས་བལྟས་ན། ཨུ་རུ་སི་དཀར་པོའི་མགོ་ཁྲིད་པས་གྲོས་འགོ་བཏོན་པའི་རྩ་ཁྲིམས་བཅོས་སྒྱུར་བྱེད་པ་ནི་ཨུ་རུ་སི་དཀར་པོའི་ཆབ་སྲིད་དང་དཔལ་འབྱོར། བཅའ་ཁྲིམས་ལམ་ལུགས་བཅོས་སྒྱུར་འཐུས་ཚང་དུ་གཏོང་བའི་དུས་སྐབས་གལ་ཆེན་ཞིག་ཡིན་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།