ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ཀྱིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཞིང་བ་དང་གཞི་རིམ་རིག་གནས་འཛུགས་སྐྲུན་སྔོན་ཐོན་ཐུན་མོང་ལ་གཟེངས་རྟགས་གནང་།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-11-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ཀྱིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཀྱི་ཞིང་བ་དང་གཞི་རིམ་རིག་གནས་འཛུགས་སྐྲུན་སྔོན་ཐོན་ཐུན་མོང་ལ་གཟེངས་རྟགས་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། གཞི་རིམ་རིག་གནས་བྱ་བ་ལེགས་པོར་སྒྲུབ་པ། རྒྱ་ཆེའི་གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་། རིག་གནས་དང་གནས་སྐོར་པུའུ། རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་བཅས་ཀྱིས་སྐབས་བརྒྱད་པའི་རྒྱལ་ཡོངས་ཞིང་བར་ཞབས་ཞུ་དང་། གཞི་རིམ་རིག་གནས་འཛུགས་སྐྲུན་སྔོན་ཐོན་ཐུན་མོང་ལ་གཟེངས་རྟགས་གནང་བའི་བྱ་བ་སྤེལ་བ་མ་ཟད། ཉེ་ཆར་གཟེངས་རྟགས་ཐོབ་པའི་མིང་ཐོ་ཁྱབ་བསྒྲགས་བྱས། 

གཟེངས་རྟགས་ཐོབ་པའི་སྔོན་ཐོན་ཐུན་མོང་ལ་སི་ཁྲོན་ཞིང་ཆེན་ཐེན་ཆོན་རྫོང་ཞིན་ཧྭ་ཤང་ཕྱོགས་བསྡུས་རིག་གནས་ས་ཚིགས་སོགས་རྫོང་རིམ་པའི་རིག་གནས་ཁང་དང་། དཔེ་མཛོད་ཁང་། ཤང་དང་གྲོང་རྡལ་གྱི་རིག་གནས་ས་ཚིགས། སྡེ་བ་དང་མཁར་སྡེའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུ་ལྟེ་གནས་64དང་།ཅང་སུའུ་ཞིང་ཆེན་ཞུས་ཀྲིག་གྲོང་ཁྱེར་མ་ཀྲོང་རོལ་ཚོགས་སོགས་གཞི་རིམ་རིག་རྩལ་ཚོགས་པ64།ལའོ་ཉིན་ཞིང་ཆེན་ཧྲིན་དབྱང་གྲོང་ཁྱེར་རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་ལུགས་ལག་བསྟར་རུ་ཆེན་སུའུ་ཅ་ཐུན་རུ་ཆེན་སོགས་གཞི་རིམ་རིག་གནས་ཚོང་རའི་ཕྱོགས་བསྡུས་ཁྲིམས་ལུགས་ལག་བསྟར་རུ་ཁག47 ཧི་ནན་ཞིན་ཧྭ་ཞིང་སྡེའི་གྲངས་འཛིན་གློག་བརྙན་ཁང་ཚད་ཡོད་ཀུང་སི་སོགས་གཞི་རིམ་གློག་བརྙན་ཞབས་ཞུ་ལས་ཁུངས62 བོད་རང་སྐྱོང་ལྗོངས་ཕུའུ་ལན་རྫོང་བརྒྱུད་གཏོང་སྟེགས་བུ་སོགས་གཞི་རིམ་རྒྱང་སྒྲོག་བརྙན་འཕྲིན་བརྒྱུད་གཏོང་སྡེ་ཁག47 ཀན་སུའུ་ཀྲང་ཡའེ་གྲོང་ཁྱེར་ཀན་ཀྲིག་ཁུལ་ཀན་ཞུན་གྲོང་རྡལ་སུའུ་ཀྲན་སྡེ་བའི་ཞིང་བའི་དཔེ་ཁང་སོགས་ཞིང་བའི་དཔེ་ཁང་དང་གཞི་རིམ་དཔེ་ཆ་འགྲེམ་སྤེལ་ལས་ཁུངས48 ཧུའུ་པེ་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་རིག་རྩལ་ཁྲུའུ་སོགས་ཏང་ཨུའི་དྲིལ་སྒྲོག་སྡེ་ཁག10བཅས་ཡོད།། 



རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།