ཀྲུང་གོ་བོད་ཀྱི་དྲ་བ།

ས་གནས་འདིས་དགེ་རྒན་གྱིས་ལས་བྱར་དངོས་སུ་མི་བལྟ་མཁན་ལ་འདི་ལྟར་ཐག་བཅད་འདུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

    ཧོ་ནན་ཅའོ་ཙའོ་ནས་དགེ་རྒན་གྱིས་དངོས་སུ་ལས་བྱ་དག་བཅོས་མ་བྱས་ན་གོ་གནས་སྤར་བའི་ཐོབ་ཐང་མེད་པར་བཟོས་འདུག 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས25ཉིན། ཧོ་ནན་ཞིང་ཆེན་ཅའོ་ཙའོ་གྲོང་ཁྱེར་སློབ་གསོ་ཅུས་ཀྱིས《ཅའོ་ཙའོ་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭས་སྦྱོང་ཚན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སློབ་མའི་ཁུར་པོ་ཡང་དུ་གཏོང་རྒྱུའི་བླང་བྱ་དོན་ཚན་བཅུ》ཞེས་པ་པར་འགྲེམས་བྱས་པའི་བརྡ་ཐོ(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)ལྟར་ན། དགེ་རྒན་གྱིས་ལས་བྱ་བཀོད་སྒྲིག་བྱས་རྗེས་ངེས་པར་དུ་བཟོ་བཅོས་རྒྱག་དགོས་པ་དང་། སློབ་མའི་ལས་བྱ་དེ་ཁྱིམ་བདག་གི་ལས་བྱ་རུ་འགྱུར་བ་གཏན་འགོག་བྱེད་དགོས། དུས་ཐོག་ཏུ་ལས་བྱར་དངོས་སུ་དག་བཅོས་མི་བྱས་པའི་དགེ་རྒན་ཚང་མར་གོ་གནས་རིམ་སྤར་དང་སྔོན་ཐོན་དང་ཕུལ་བྱུང་འདེམས་པའི་ཐོབ་ཐང་མེད་པར་བཟོ་རྒྱུ།


འགྱུར་མེད་རང་བཞིན་དང་ཆད་གཅོད་རང་བཞིན། བསྐྱར་ཟློས་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་བྱེད་པ་གཏན་འགོག་བྱ་རྒྱུ།

《བརྡ་ཐོའི》ནང་སློབ་གྲྭ་ཁག་གིས་སློབ་མའི་ལས་བྱ་ལ་དོ་དམ་ལམ་ལུགས་བཟོ་དགོས་པ་དང་སློབ་དོན་སྡེ་ཁག་དང་། ལོ་རིམ་སྡེ་ཁག་གི་མགོ་གཙོ། འཛིན་བདག་བཅས་ཀྱིས་རིག་ཚན་སོ་སོའི་དགེ་རྒན་གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལས་བྱ་བཀོད་སྒྲིག་དང་ལས་བྱའི་ནང་དོན་དང་རྣམ་པ། བསྡོམས་འབོར་བཅས་ཁོང་དུ་ཆུད་པ་བྱ་དགོས།

  དེའི་ནང་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་ཡིག་ཐོག་ལས་བྱ་བཀོད་སྒྲིག་མི་བྱེད་པ་དང་། སློབ་ཆུང་ལོ་རིམ་གཞན་དག་གི་ཉིན་རེའི(གཟའ་མཇུག་ཚུད)ཁྱིམ་སྦྱོང་ལས་བྱ་སྐར་མ60ལས་མི་བརྒལ་བ། (སློབ་གྲྭའི་སློབ་ཁྲིད་གྲོལ་རྗེས་ཀྱི་ཞབས་ཞུའི་དུས་ཚོད་ཚུད)དམའ་འབྲིང་གི་ལོ་རིམ་སོ་སོའི་ཉིན་རེར(གཟའ་མཇུག་ཚུད)ཁྱིམ་སྦྱོང་ལས་བྱ་སྐར་མ90ལས་མི་བརྒལ་བ། (སློབ་གྲྭའི་སློབ་ཁྲིད་གྲོལ་རྗེས་ཀྱི་ཞབས་ཞུའི་དུས་ཚོད་ཀྱང་འདུས) སློབ་ཕྱིའི་ལུས་རྩལ་སྦྱོང་བརྡར་གྱི་དུས་ཚོད་དེ་ཁྱིམ་སྦྱོང་ལས་བྱ་བསྒྲུབ་པའི་སྤྱི་འབོར་དུས་ཚོད་ནང་འཇུག་དགོས།

  

    《བརྡ་ཐོའི》ནང་ད་དུང་དགེ་རྒན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་ལས་བྱ་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ཉིན་རེའི་ལས་བྱར་དམིགས་སའི་རང་བཞིན་ལྡན་དགོས་པ་དང་གཟའ་མཇུག་གི་ལས་བྱར་ཕྱོགས་བསྡུས་རང་བཞིན་ལྡན་དགོས། འགྱུར་མེད་རང་བཞིན་དང་ཆད་གཅོད་རང་བཞིན། བསྐྱར་ཟློས་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་བྱ་རྒྱུ་གཏན་འགོག་བྱེད་པ་དང་། རྩད་ཞིབ་རང་བཞིན་དང་ལག་ལེན་རང་བཞིན་གྱི་ལས་བྱ་བཀོད་སྒྲིག་བྱ་རྒྱུ་དར་སྤེལ་གཏོང་དགོས། དགེ་རྒན་གྱིས་སྐད་འཕྲིན་དངQQསོགས་སྤྱད་དེ་ཁྱིམ་སྦྱོང་ལས་བྱ་བཀོད་སྒྲིག་བྱེད་མི་ཆོག ཁྱིམ་བདག་གམ་ཡང་ན་གཞན་འགྱུར་གྱི་སྒོ་ནས་ཁྱིམ་བདག་གིས་ལས་བྱ་བསྒྲུབ་མི་ཆོག་པ་དང་། རྒྱུགས་ཤོག་ཧྲིལ་པོའམ་ཟུར་ཁྲིད་ཀྱི་དཔྱད་གཞི་ཚང་མ་ལས་བྱར་བདམས་མི་ཆོག

   ལས་བྱའི་དོ་དམ་དེ་སློབ་གྲྭའི་ལས་ཕྱོད་དཔྱད་ཞིབ་ཏུ་འཛིན་རྒྱུ།

  《བརྡ་ཐོའི》ནང་། དགེ་རྒན་གྱིས་ལས་བྱ་བཀོད་སྒྲིག་བྱས་རྗེས་ངེས་པར་དུ་མཆན་འགོད་དག་བཅོས་བྱེད་དགོས་པ་དང་། ཆོག་མཆན་འགོད་བཅོས་ཡོད་ན་ངེས་པར་དུ་དཔྱད་བརྗོད་ཞིབ་ཁྲིད་བྱེད་དགོས་པ་ལས། དོན་མེད་ལས་འགྲུབ་ཡོང་ཐབས་མི་བྱེད་པ། སློབ་མས་རང་ཉིད་ལ་དཔྱད་འཇོག་བྱེད་པའམ་ཕན་ཚུན་དཔྱད་བསྡུར་བྱེད་ཐབས་སྤྱད་དེ་དགེ་རྒན་གྱི་མཆན་འགོད་དག་བཅོས་ཀྱི་ཚབ་བྱས་མི་ཆོག སློབ་མའི་སྦྱོང་ཚན་དེ་ཁྱིམ་བདག་གི་ལས་བྱར་འགྱུར་བ་གཏན་འགོག་བྱེད་དགོས་པ་དང་ཁྱིམ་བདག་གིས་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་བྱར་མཆན་འགོད་དག་བཅོས་བྱེད་མི་ཆོག དགེ་རྒན་གྱིས་དུས་ཐོག་ཏུ་དངོས་སུ་ལས་བྱར་དག་བཅོས་མི་བྱས་ན་གོ་གནས་རིམ་སྤར་དང་སྔོན་ཐོན་དང་ཕུལ་བྱུང་འདེམས་པའི་ཐོབ་ཐང་མེད་པར་བཟོ་དགོས།

    དེ་མིན། སློབ་གྲྭ་ཁག་གིས“གཟའ་འཁོར་རེའི་གཟའ་ཟླ་བ་དང་ཉི་མར་ཡིག་ཐོག་ལས་བྱ་བཀོས་སྒྲིག་མི་བྱེད་པའི”ལམ་ལུགས་ལག་ཏུ་བསྟར་ནས་སློབ་མར་རང་བརྟེན་སློབ་སྦྱོང་དང་ཁྱད་ལྡན་འཕེལ་རྒྱས། སྤྱི་ཚོགས་ལག་ལེན་ཁྲོད་ཞུགས་པའི་དུས་ཚོད་དང་གོ་སྐབས་མཁོ་འདོན་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།