ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་དབུལ་ཕོངས་ས་ཁུལ་གྱི་བྱིས་པ་ཁྲི900ལྷག་ཙམ་གྱིས་བྱིས་པའི་འཚོ་བཅུད་ལེགས་བཅོས་གཏོང་བའི་རྣམ་གྲངས་ཀྱི་ཁེ་ཕན་རག་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན།  བྱིས་པའི་འཚོ་བཅུད་ནི་མི་འབོར་སྤུས་ཚད་ཀྱི་རྨང་གཞི་ཡིན།  གསར་འགོད་པས་ཉེ་ཆར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བ་ལྟར་ན།  རང་རྒྱལ་གྱིས་དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་འཚོ་བཅུད་ལེགས་བཅོས་བྱེད་པའི་རྣམ་གྲངས་ལག་བསྟར་བྱས་ནས་རིམ་རྩིས་བྱས་ན་བྱིས་པ་ཁྲི947ལ་ཁེ་ཕན་ཐོབ་ཡོད་པ་རེད།

“2012ལོར་འགོ་བཙུགས་མ་ཐག་པའི་སྐབས་སུ་ཞིང་ཆེན10ལ་ཁེབས་པ་ནས་ད་ལྟ་རྫོང100ལ་ཁྱབ་གདལ་དུ་བཏང་ཡོད་པ་དང་།  2019ལོར་ཐོན་དུས་ཞིང་ཆེན22ཀྱི་རྫོང832ལ་རྒྱ་སྐྱེད་དུ་བཏང་ཡོད་པ་རེད།  རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རིན་དང་།  ནོར་དོན་སི་ཡི་སི་ཀྲང་ཧོ་ཅིན་ཀུའོ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག  དབུལ་ཕོངས་ས་ཁུལ་གྱི་བྱིས་པའི་འཚོ་བཅུད་ལེགས་བཅོས་གཏོང་བའི་ལས་གཞི་དབུལ་ཕོངས་རྫོང་ཡོངས་སུ་ཁྱབ་གདལ་དུ་བཏང་ཡོད་ཞེས་བཤད་པ་རེད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།