ཀྲུང་གོ་བོད་ཀྱི་དྲ་བ།

“འཛམ་གླིང་གི་དྲ་སྦྲེལ་ཚོགས་ཆེན·དྲ་སྦྲེལ་འཕེལ་རྒྱས་གླེང་སྟེགས”ཀྲེ་ཅང་ཝུའུ་ཀྲེན་དུ་མགོ་ཚུགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-11-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཟླ11པའི་ཚེས23ཉིན།  “འཛམ་གླིང་གི་དྲ་སྦྲེལ་ཚོགས་ཆེན·དྲ་སྦྲེལ་འཕེལ་རྒྱས་གླེང་སྟེགས”ཀྲེ་ཅང་ཝུའུ་ཀྲེན་དུ་མགོ་ཚུགས་ཤིང་།གྲངས་འཛིན་ནུས་འདོན་དང་འབྱུང་འགྱུར་མཉམ་གཏོད་ལ་དམིགས་ཏེ་ལག་གདང་སྦྲེལ་ནས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བསྐྲུན་པ།

ཐེངས་འདིའི་གླེང་སྟེགས་ཀྱིས་ཚན་རིག་དང་མཐུན་པར་རིམས་ནད་སྔོན་འགོག་ཚོད་འཛིན་དང་། གྲངས་གཞིའི་དཔལ་འབྱོར་དང་ཚན་རྩལ་གསར་གཏོད་ལ་སྐུལ་འདེད། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། རྒྱལ་ཁབ་ཕྱི་ནང་གི་སྲིད་གཞུང་སྡེ་ཁག་དང་། རྒྱལ་སྤྱིའི་རྩ་འཛུགས། དྲ་སྦྲེལ་ཁྱབ་ཁོངས་བཅས་ཀྱི་སྣེ་ཁྲིད་ཁེ་ལས་ཀྱི་སྐུ་མགྲོན་གལ་ཆེན་གདན་འདྲེན་ཞུས་ཏེ། ཁྱོན་ཡོངས་རང་བཞིན་དང་རྒྱང་ལྟའི་རང་བཞིན་གྱིས་བསམ་བློ་བརྗེ་རེས་བྱེད་པ་དང་། རྒྱལ་ཁབ་ཕྱི་ནང་གིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པར་ལན་སློག་པ། གྲངས་གཞིའི་ལག་རྩལ་གསར་གཏོད་ཀྱི་འཕེལ་ཕྱོགས་ལ་སྣེ་ཁྲིད་པ་བཅས་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིར་རྒྱལ་ཁབ་དང་ས་ཁུལ20ལྷག་ཙམ་ནས་ཡོང་བའི་འཐུས་མི500ལྷག་ཚོགས་འདུར་ཞུགས་ཡོད་པ་རེད། 

གླེང་སྟེགས་ཚོགས་པའི་སྐབས་སུ་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་གྱི་ རྒྱབ་ཤ་སྔོན་པོའི་དེབ《2020ལོའི་ཀྲུང་གོའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་སྙན་ཞུ》དང《2020ལོའི་རྒྱལ་སྤྱིའི་དྲ་སྦྲེལ་འཕེལ་རྒྱས་ཀྱི་སྙན་ཞུ》ཁྱབ་བསྒྲགས་བྱ་རྒྱུ་རེད། རྒྱབ་ཤ་སྔོན་པོའི་དེབ་ནང་ཀྲུང་གོ་དང་འཛམ་གླིང་གི་དྲ་སྦྲེལ་འཕེལ་རྒྱས་ཀྱི་རྣམ་པ་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་དབྱེ་ཞིབ་བྱས་ཏེ། འཛམ་གླིང་གི་དྲ་སྦྲེལ་འཕེལ་རྒྱས་དང་བཅོས་སྐྱོང་ལ་བསམ་བློའི་དཔྱད་གཞིར་འཛིན་ས་དང་རིགས་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།

 གཙོ་གཉེར་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག ཐེངས་འདིའི་གླེང་སྟེགས་ཀྱིས“དྲ་ཕྱི་+དྲ་ཐོག”གི་རྣམ་པའི་ཐོག་ནས་བྱེད་སྒོ་ཁག་སྤེལ་བ་དང་། ཝུའུ་ཀྲེན་དུ་དངོས་ལྗོངས་ཚོགས་ར་བཀོད་སྒྲིག་བྱས་ཏེ། ཡུལ་དངོས་སུ་ཕེབས་མ་ཐུབ་པའི་སྐུ་མགྲོན་རྣམས་དྲ་ཐོག་ནས་ཚོགས་འདུར་ཞུགས་ཐུབ་པར་བྱས་ཡོད།

 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།