ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན·དྲ་སྦྲེལ་འཕེལ་རྒྱས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན·དྲ་སྦྲེལ་འཕེལ་རྒྱས་གླེང་སྟེགས་ཟླ11པའི་ཚེས23ཉིན་ཀྲེ་ཅང་ཝུའུ་ཀྲེན་དུ་མགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གླེང་སྟེགས་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས།

 ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་དུ་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རིགས་ཡར་ངོའི་ཟླ་ལྟར་འཕེལ་བས་གྲངས་འཛིན་ལག་རྩལ་གྱི་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱི་ནུས་པ་ཆེན་པོ་ཐོབ་ཡོད། པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་། རྒྱང་བསྟེན་སྨན་བཅོས་དང་། དྲ་ཐོག་སློབ་གསོ། མཉམ་སྤྱོད་ལས་སྟེགས། མཉམ་ལས་གཞུང་དོན་སྒྲུབ་པ་སོགས་ཁྱབ་རྒྱ་ཇེ་ཆེར་སོང་ལ། དྲ་སྦྲེལ་གྱིས་རྒྱལ་ཁབ་ཁག་གི་དཔལ་འབྱོར་སླར་གསོ་དང་། སྤྱི་ཚོགས་འཁོར་སྐྱོད་འགན་ལེན། རྒྱལ་སྤྱིའི་རིམས་ནད་འགོག་སེལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ནུས་པ་གལ་ཆེན་བཏོན་ཡོད།

 ཞི་ཅིན་ཕིང་གིས་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་དང་མཉམ་དུ་ཆ་འཕྲིན་གསར་བརྗེའི་ལོ་རྒྱུས་རིང་བཞིན་གྱི་གོ་སྐབས་དམ་འཛིན་དང་། གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་། གྲངས་འཛིན་མཉམ་ལས་ཀྱི་རྣམ་པ་གསར་གཏོད། དྲ་རྒྱའི་བདེ་འཇགས་ཀྱི་རྣམ་པ་གསར་གཏོད། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་བཅས་བཏོད་དེ་མིའི་རིགས་ལ་སྔར་ལས་ལྷག་པར་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས་ཞེས་ནན་གྱིས་བསྟན།  །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།