ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་པའི་ལི་ཡ་ཏེའི་དབུ་ཚོགས་ཀྱི“སའི་གོ་ལར་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཞོར་ཚོགས་སྟེང་ཤིས་ཚིག་ཕུལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཟླ11པའི་ཚེས22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་མགོ་ཁྲིད་པའི་ལི་ཡ་ཏེའི་དབུ་ཚོགས་ཀྱི“སའི་གོ་ལར་སྲུང་སྐྱོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་ཞོར་ཚོགས་སྟེང་ཤེས་ཚིག་ཕུལ།

ཞི་ཅིན་ཕིང་གིས་བཤད་རྒྱུར། སའི་གོ་ལ་ནི་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་རེད། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། ལག་གདང་སྦྲེལ་ནས་གནམ་གཤིས་ཁོར་ཡུག་ཁྱབ་ཁོངས་ཀྱི་འགྲན་སློང་ལ་ཁ་གཏད་བཅག་སྟེ་སའི་གོ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་གསུངས། 

 ཞི་ཅིན་ཕིང་གིས་འདོད་ཚུལ་ཁག་གསུམ་བཏོན་ཏེ།

   དང་པོ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་སྣེ་ཁྲིད་ཀྱི་ནུས་པ་འདོན་དགོས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》ཀྱི་མཛུབ་ཁྲིད་འོག་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི《ཕ་རི་སིའི་གྲོས་ཆོད》ཕྱོགས་ཡོངས་ནས་ནུས་ལྡན་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁྱབ་བསྒྲགས་བྱས་དོན། ཀྲུང་གོས་རྒྱལ་ཁབ་ཀྱི་རང་བདག་གིས་བྱས་རྗེས་འཇོག་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད2030ལོའི་སྔོན་ལ་ཡང་རྩེར་སླེབས་པ་དང2060ལོའི་སྔོན་ལ་ཐཱན་དཀྱིལ་འཆམ་མཐུན་མངོན་འགྱུར་ཡོང་བའི་བརྩོན་ལེན་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་བཏོན།

 གཉིས་པ། ནུས་ཁུངས་གཙང་མའི་རིགས་བསྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་བྱུང་བའི་དུས་རབས་ཀྱི་ནུས་ཁུངས་ཐཱན་ཉུང་རིགས་སྒྱུར་ལ་རྒྱབ་སྐྱོར་བྱས་ནས། མི་ཚང་མར་རྒྱུན་མཐུད་ཐུབ་པའི་ནུས་ཁུངས་ཀྱི་དམིགས་ཚད་མངོན་འགྱུར་ཡོང་བར་བྱ་དགོས། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ནུས་ཁུངས་གཙང་མའི་མ་ལག་ཆེ་ཤོས་བསྐྲུན་ཡོད། ནུས་རྒྱུ་གཙང་མ་དང་ཐཱན་ཉུང་བདེ་འཇགས་ནུས་ཆེའི་ངང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་ནུས་རྒྱུ་གསར་པ་དང་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། ཁྱོན་ཡོངས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་ཞེས་བཏོན།

 གསུམ་པ། རང་བྱུང་ལ་བརྩི་འཇོག་བྱེད་པའི་སྐྱེ་ཁམས་མ་ལག་འཛུགས་དགོས། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ལ་རྒྱབ་སྐྱོར་བྱས་ཏེ། ས་ཞིང་ཞན་འགྱུར་ཇེ་ཉུང་དུ་གཏོང་བ་དང་། བྱུ་རུའི་བྲག་རྡོ་སྲུང་སྐྱོང་བྱེད་པ། རྒྱ་མཚོའི་སྤོས་འགྱིག་གད་སྙིགས་ལ་ཁ་གཏད་འཇལ་བ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་གཏིང་ཟབ་བྱ་རྒྱུ་ཡིན་པ་དང་། དེ་བས་བརྟན་པའི་གོ་ལ་ཧྲིལ་པོའི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གཏོད་དགོས་ཞེས་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།