ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2020-11-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་འཕྲིན། ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། དུས་ཚོད་ཀྱི་བཀོད་སྒྲིག་ལྟར་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་དེ་རྒྱལ་ནང་དུ་ལག་བསྟར་དངོས་འབེབས་བྱེད་པའི་འབྲེལ་ཡོད་བྱ་བ་དམ་འཛིན་དང་ལེགས་སྒྲུབ་བྱེད་དགོས་པའི་རེ་བ་བཏོན་པ་དང་། འཛད་སྤྱོད་གཙོ་བོ་མཐོར་འདེགས་སུ་གཏོང་བ་དང་ཞིང་སྡེའི་འཛད་སྤྱོད་སྦས་ཤུགས་སྔོག་འདོན་བྱེད་པར་སྐུལ་འདེད་གཏོང་བར་བཀོད་སྒྲིག་བྱས་ཤིང་། འཛད་སྤྱོད་རིམ་འཕར་དང་མཐུན་པར་བྱས་ཏེ་མཉམ་འབྲེལ་དྲ་རྒྱ་དང་གནས་སྐོར་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས་པ་དང་།  ཆུ་མཛོད་ཀྱི་ཉེན་ཁ་སེལ་ཞིང་ཇེ་བརྟན་དུ་བཏང་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ཧུར་ཐག་དང་ནུས་ལྡན་སྒོས་མ་དངུལ་གཏོང་ཤུགས་ཇེ་ཆེར་བཏང་ནས། གནོད་འགོག་དང་ཆུ་འདོན་འགན་སྲུང་ནུས་པ་མཐོར་འདེགས་སུ་གཏོང་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་བསྟན་དོན། ཆུ་ཚད་མཐོ་བའི་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས། མིག་སྔར་མིང་བཀོད་པའི་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་ལས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་རྒྱལ་ཁབ་ཀྱིས་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་སྲུང་སྐྱོབ་བྱེད་པའི་ཐུན་མོང་གི་རེ་འདུན་མཚོན་པར་བྱས་ཡོད། འཛམ་གླིང་ཡོངས་སུ་ཆེས་ཆེ་བའི་རང་མོས་ཉོ་ཚོང་ས་ཁུལ་འཛུགས་སྐྲུན་བྱས་ན་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་སུ་འགྲོ་བར་ཕན་པ་ཡོད་པར་མ་ཟད་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་ངེས་ཡིན།

ཚོགས་ཐོག་ནས་བསྟན་དོན། ད་ལོར་འཛད་སྤྱོད་ཐད་ལ་རིམས་ནད་ཀྱིས་གནོད་པ་ཚབས་ཆེན་བཟོས་པས་རྒྱུན་ལྡན་གྱི་འཕར་སྣོན་སླར་གསོ་བྱེད་པར་དཀའ་ཁག་མི་ཉུང་བ་བྱུང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར། ནང་མཁོ་རྒྱ་བསྐྱེད་པའི་འཐབ་ཇུས་ལག་བསྟར་བྱས་ཏེ་འཛད་སྤྱོད་ལ་སྔར་ལས་སྐུལ་འདེད་གཏོང་དགོས། གཅིག རླངས་འཁོར་འཛད་སྤྱོད་རྒྱ་བསྐྱེད་དགོས། གཉིས། ཁྱིམ་ཚང་གི་གློག་ཆས་དང་སྣོད་ཅ་ལག་འཛད་སྤྱོད་ལ་སྐུལ་འདེད་གཏོང་དགོས།  གསུམ། བཟའ་བཏུང་འཛད་སྤྱོད་མཐོར་འདེགས་སུ་གཏོང་དགོས། བཞི། རྫོང་ཁོངས་དང་ཞང་གྲོང་གི་འཛད་སྤྱོད་གཙོར་བཟུང་སྟེ་ཞིང་སྡེ་ལ་སྐུལ་ཁྲིད་བྱེད་པའི་འཛད་སྤྱོད་རྒྱ་བསྐྱེད་དགོས།

ཚོགས་ཐོག་ནས་མཉམ་འབྲེལ་དྲ་རྒྱ་དང་གནས་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།