ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས་སྔོན་ལ་ལོ་ཧྲིལ་བོའི་མཁར་གྲོང་གི་ལས་ཞུགས་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-11-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རང་རྒྱལ་གྱིས་སྔ་སྣུར་སྒོས་ལོ་ཧྲིལ་བོའི་མཁར་གྲོང་གི་ལས་ཞུགས་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ11པའི་ཚེས16ཉིན།རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་གསར་འགྱུར་མགྲིན་ཚབ་པ་ཧྥུའུ་ལིན་ཧོས་ཀྱིས་ཚེས16ཉིན་མཚམས་སྦྱོར་བྱས་པ་ལྟར་ན། ཟླ1པོ་ནས་ཟླ10པའི་བར། རྒྱལ་ཡོངས་ཀྱི་མཁར་གྲོང་དུ་ལས་ཞུགས་མི་གྲངས་ཁྲི1009འཕར་ནས།སྔ་སྣུར་གྱིས་ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་བྱས།ཟླ10པར། རྒྱལ་ཡོངས་མཁར་གྲོང་ལས་ཤོར་གྱི་ཚད་བརྒྱ་ཆའི5.3ཡིན་པ་དང་། དེ་ཟླ9པ་ལས་བརྒྱ་ཆའི་གནས0.1མར་ཆགས་ཤིང་།ལས་ཞུགས་གནས་ཚུལ་སྤྱིའི་ཆ་ནས་བརྟན་འཇགས་ཡིན། 

ཧྥུའུ་ལིན་ཧོས་ཀྱིས་ཉིན་དེའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཁང་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་མཚམས་སྦྱོར་བྱས་པ་ལྟར་ན།ཟླ10བར། རང་རྒྱལ་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕན་འབྲས་མངོན་གསལ་ཡིན་པ་དང་། རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུགས་བརྟན་འཇགས་ངང་སླར་གསོ་བྱུང་ཡོད་ཟེར། 

དགོས་མཁོར་གཞིགས་ན།ཚོང་རའི་ཕྱིར་འཚོང་མུ་མཐུད་དུ་འཕར་བ་དང་།ཟླ10པར།སྤྱི་ཚོགས་འཛད་སྤྱོད་དངོས་རྫས་ཕྱིར་འཚོང་མ་དངུལ་དུས་མཉམ་ལས་བརྒྱ་ཆའི4.3འཕར་བ་དང་།དེ་ཟླ9པ་ལས་བརྒྱ་ཆའི་གནས1ཇེ་མགྱོགས་སུ་སོང་ཞིང་། བཟའ་བཏུང་གི་ཡོང་སྒོ་ཟླ་རེར་དུས་མཉམ་ལས་ལྡོག་མ་ནས་དངོས་མར་གྱུར།གཏན་འཇགས་མ་དངུལ་དངུལ་གཏོང་བརྟན་འཇགས་ངང་འཕར་བ་དང་།ཟླ1པོ་ནས་ཟླ10པའི་བར།རྒྱལ་ཡོངས་ཀྱི་གཏན་འཇགས་མ་དངུལ་ཐད་མ་དངུལ་གཏོང་བ་དུས་མཉམ་ལས་བརྒྱ་ཆའི་1.8འཕར་བ་དེ་ཟླ1པོ་ནས་ཟླ9བར་བརྒྱ་ཆའི་ཆ1ཇེ་མགྱོགས་སུ་སོང་།།



རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།