ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བར་གྲོས་མཐུན་འགོད་པའི་འགོ་ཁྲིད་པའི་བརྙན་རིས་གྲོས་ཚོགས་ཐེངས་བཞི་བར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས15ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁུལ་ཁོངས་ཀྱི་ཁྱོན་ཡོངས་དཔལ་འབྱོར་གྲོགས་པོའི་འབྲེལ་བར་གྲོས་མཐུན་འགོད་པའི་མགོ་ཁྲིད་པའི་བརྙན་རིས་གྲོས་ཚོགས་ཐེངས་བཞི་བར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་དེ་མིན་ཧན་གོ་དང་འཇར་པན། ཨོ་སི་ཁྲི་ལི་ཡ། ནེ་ཙི་ལན་སོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས་པ་དང་། རྒྱལ་ཁབ་བཅོ་ལྔ་ཡིས་གྲོས་མཐུན་དེའི་སྟེང་ལ་དངོས་སུ་མིང་བཀོད།

ལིས་ཁི་ཆང་གིས་བསྟན་དོན། དེ་རིང་གྲོས་མཐུན་དེའི་སྟེང་དངོས་སུ་མིང་བཀོད་པར་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། འཛམ་གླིང་སྟེང་དུ་དེའི་ཁྲོད་དུ་ཞུགས་པའི་མི་གྲངས་ཆེས་མང་ཞིང་ཁོངས་མིའི་གྲུབ་ཚུལ་ལ་སྣ་མང་བ་དང་། འཕེལ་རྒྱས་ཀྱི་སྦས་ཤུགས་ཆེས་ཆེ་བའི་རང་མོས་ཉོ་ཚོང་ས་ཁུལ་ཡིན་པའི་ཆ་ནས། དེ་ནི་ཨེ་ཤ་ཡ་ཤར་མའི་ཁུལ་ཁོངས་མཉམ་ལས་ཐད་མཚོན་བྱེད་རང་བཞིན་གྱི་དོན་སྙིང་ལྡན་པའི་གྲུབ་འབྲས་ཡིན་པར་མ་ཟད། ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་གི་རྒྱལ་ཁ་ཡིན་ལ། དེས་ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ཐད་སྒུལ་ཤུས་གསར་བ་སྣོན་ངེས་ཡིན། གྲོས་མཐུན་དེས་ས་གནས་དང་རྒྱལ་ཁབ་བར་གྱི་ཚོང་ཟོག་དང་ཞབས་ཞུའི་ཉོ་ཚོང་དང་དངུལ་གཏོང་བཅས་ཀྱི་ཆུ་ཚད་མཐོན་པོའི་སྒོ་འབྱེད་མངོན་འགྱུར་བྱེད་ངེས་ཡིན་པ་དང་། ཁུལ་ཁོངས་ཉོ་ཚོང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ། ས་གནས་ཀྱི་འདྲེན་ཤུགས་དང་འགྲན་རྩོད་ནུས་པ་མཐོར་འདེགས་གཏོང་བར་མ་ཟད། ས་གནས་ཀྱི་དཔལ་འབྱོར་ཁྱོན་ཡོངས་ནས་སླར་གསོ་བྱེད་པའི་འཕེལ་རིམ་ལ་ནུས་ལྡན་སྒོས་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ཡོངས་ཀྱི་འཕར་སྣོན་ལ་སྣེ་ཁྲིད་བྱེད་པའི་རོགས་འདེགས་ནུས་ཤུགས་སུ་འགྱུར་ངེས་ཡིན་ཟེར།

གྲོས་མཐུན་བཀོད་པའི་ཁོངས་གཏོགས་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་གྲོས་མཐུན་སྟེང་དངོས་སུ་མིང་བཀོད་པའི་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལ་གདེང་འཇོག་ཆེན་པོ་གནང་བར་མ་ཟད། ཕྱོགས་སོ་སོས་ཕྱོགས་མང་རིང་ལུགས་དང་སྒོ་འབྱེད་དང་འདྲ་མཉམ། མཉམ་རྒྱལ་བཅས་ཀྱི་འཛམ་གླིང་ཉོ་ཚོང་མ་ལག་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།

བང་དབྱི་དང་ཧི་ལིས་ཧྥིན་སོགས་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།