ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅོ་ལྔ་པར་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅོ་ལྔ་བར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཨ་མེ་རི་ཀ ཨུ་རུ་སི། འཇར་པན། ཧན་ཀོ ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན། རྒྱ་གར་བཅས་ཀྱི་མགོ་ཁྲིད་མི་སྣ་དང་འཐུས་ཚབ་མི་སྣ་གྲོས་ཚོགས་སུ་ཞུགས། གྲོས་ཚོགས་བརྙན་རིས་ཀྱི་ལམ་ནས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་དགོང་མོར་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སྐབས་བཅོ་ལྔ་བར་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་དང་ཨ་མེ་རི་ཀ ཨུ་རུ་སུ། འཇར་པན། ཧན་ཀོ ཨོ་སི་ཁྲུ་ལི་ཡ། ནེའུ་ཙི་ལན། རྒྱ་གར་བཅས་ཀྱི་མགོ་ཁྲིད་མི་སྣ་དང་འཐུས་ཚབ་མི་སྣ་གྲོས་ཚོགས་སུ་ཞུགས།

ལིས་ཁི་ཆང་གིས་བསྟན་དོན། ཞི་བདེ་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་བྱེད་རྒྱུ་ནི་མི་སེམས་འཁོར་ཕྱོགས་དང་དུས་ཀྱི་འཁོར་ཕྱོགས་ཡིན། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱིས་ཉེན་ཁར་ཁ་གཏད་འཇལ་བ་དང་མཐུན་སྒྲིལ་ཇེ་དྲག་ཏུ་གཏོང་བ། མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས།

གཅིག་ནས་མཐུན་སྒྲིལ་བྱས་ནས་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་། སྤྱི་པའི་འཕྲོད་བསྟེན་གྱི་ནུས་པ་མཐོར་འདེགས་གཏོང་དགོས། གཉིས་ནས་སྲིད་ཇུས་ཀྱི་མཐུན་སྦྱོར་ལ་ཤུགས་བསྣན་ནས། དཔལ་འབྱོར་སླར་གསོའི་མཉམ་ཤུགས་གྲུབ་པར་བྱེད་དགོས། གསུམ་ནས་དངོས་གཉེར་མཉམ་ལས་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་གཏོང་དགོས་ཟེར།

ལིས་ཁི་ཆང་གིས་ཀྲུང་གོའི་རྒྱ་མཚོ་ལྷོ་མའི་གནད་དོན་ཐད་ཀྱི་ལངས་ཕྱོགས་ངོ་སྤྲོད་བྱས་པ་མ་ཟད་ནན་གྱིས་བསྟན་དོན། རྒྱ་མཚོ་ལྷོ་མ་དེ་དཔལ་འབྱོར་ཉོ་ཚོང་འགྲོ་འོང་དང་རིམས་འགོག་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་བུ་གལ་ཆེན་ཡིན་པའི་ཆ་ནས། ནམ་ཡང་ཤར་བགྲོད་དང་བདེ་འཇགས། སྟབས་བདེ་བཅས་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོས་བློ་བརྟན་འགྱུར་མེད་སྒོས་རྒྱལ་སྤྱིའི་ཁྲིམས་སྐྱོང་ལ་སྲུང་སྐྱོབ་དང་སྐུལ་འདེད་གཏོང་བ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་མཉམ་དུ་རྒྱ་མཚོ་ལྷོ་མའི་ཕྱོགས་སོ་སོའི་སྤྱོད་ཚུལ་སྒྲོག་གཏམ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། རྒྱ་མཚོ་ལྷོ་མའི་སྤྱོད་ཚུལ་རྩ་གནད་ཐད་ཀྱི་གྲོས་མོལ་བྱེད་རྒྱུ་ཡིན། ཕྱོགས་སོ་སོས་ས་ཁུལ་དང་རྒྱལ་ཁབ་ཀྱིས་རྒྱ་མཚོ་ལྷོ་མའི་ཞི་བདེ་དང་བརྟན་འཇགས་སྲུང་སྐྱོབ་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས་པར་བརྩི་མཐོང་བྱས་ཏེ། མཉམ་དུ་རྒྱ་མཚོ་ལྷོ་མ་དེ་ཞི་བདེའི་རྒྱ་མཚོ་དང་མཛའ་བརྩེའི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་རུ་འཛུགས་སྐྲུན་བྱེད་དགོས་ཟེར།

ཚོགས་ཞུགས་མགོ་ཁྲིད་མི་སྣ་ཚོས་བསྟན་དོན། ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་ཀྱིས་ས་ཁུལ་གྱི་ཞི་བདེ་བརྟན་འཇགས་དང་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཕྱོགས་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས། རིམས་ནད་ཀྱི་འགྲན་རྩོད་ལ་ཁ་ཕྱོགས་ནས། ཕྱོགས་སོ་སོས་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། ཨེ་ཤ་ཡ་ཤར་ལྷོའི་གོ་གནས་གཙོ་བོར་རྒྱབ་སྐྱོར་བྱེད་པ། ཉོ་ཚོང་འཁོར་རྒྱུག་སྐུལ་འདེད་གཏོང་བ་དང་ཐོན་ལས་མུ་ཐག་དང་མཁོ་འདོན་མུ་ཐག་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ། མཉམ་འབྲེལ་མཉམ་མཐུད་ལ་ཤུགས་སྣོན་པ། དཔལ་འབྱོར་སླར་གསོ་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།