ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་ལོ་ཚོགས་པེ་ཅིན་ནས་ཚོགས་འགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་འཕེལ་རྒྱས་མཐོ་རིམ་གླེང་སྟེགས་ཀྱི་ཉིས་སྟོང་ཉི་ཤུ་ལོའི་ལོ་ཚོགས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་པེ་ཅིན་ནས་ཚོགས་འགོ་བརྩམས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།

ཧན་ཀྲིན་གྱིས་བསྟན་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག རྒྱལ་ཡོངས་གོང་འོག་ཚང་མས་འབད་བརྩོན་བྱས་པ་བརྒྱུད། ཀྲུང་གོས་རིམས་ནད་འགོག་བཅོས་ཐད་ནས་འཐབ་ཇུས་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དཔལ་འབྱོར་བརྟན་འཇགས་སྒོས་བཟང་ཕྱོགས་སུ་འཕེལ་རྒྱས་བྱུང་། ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ཐད་ནས་འདི་ལྟ་བུའི་གྲུབ་འབྲས་ཐོབ་པ་ནི་གཙོ་བོ་རིམས་ནད་འགོག་བཅོས་བྱ་བ་དེ་དོན་ཆེན་དུ་བརྩིས་ཏེ་དམ་འཛིན་བྱས་ཤིང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་བཏང་བ་དང་། ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་ཚད་ཁོང་དུ་ཆུད་པར་བྱས་པ། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་སྲུང་འཛིན་བྱེད་པར་ཡིད་འཇོག་བྱས་པ་དེ་ཡིན་ཟེར།

ཧན་ཀྲིན་གྱིས་བསྟན་དོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱེད་པ་དང་ཧུར་ཐག་སྒོས་མཉམ་ལས་རྒྱ་བསྐྱེད་ཅིང་། རོགས་ལས་དམ་པོ་བྱས་ཏེ་རིམས་ནད་འགོག་རྒོལ་ལས་རྣམ་པར་རྒྱལ་བ་དང་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།