ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་དབུ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ11པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་དབུ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་སྐུལ་ཞིབ་བཤེར་ཆེན་པོ་ཐེངས་བདུན་པའི་གནས་ཚུལ་སྙན་ཞུ་ལ་གསན་ཅིང་། སྲིད་ཇུས་དོན་འཁྱོལ་འགན་ལེན་བགྱིས་ནས། དཔལ་འབྱོར་བརྟན་ལྷིང་དང་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་པ་དང་།  ཕུའུ་ཏུང་གསར་སྤེལ་ཁུལ་དུ་ཚོང་རར་ཞུགས་འཐུས“ལས་རིགས་གཅིག་ལ་ལག་ཁྱེར་གཅིག”གི་ཚོད་ལྟ་བྱེད་རྒྱུར་གཏན་འབེབས་བྱས། རྒྱལ་ཡོངས་སུ་འཛུགས་སྐྲུན་ལས་གྲྭའི་ཁེ་ལས་དང་ཐིག་ལེན་རིས་འབྲིའི་ཐོབ་ཐང་ཉུང་དུ་གཏོང་བར་མ་ཟད་ལྟ་སྐུལ་དོ་དམ་བྱེད་ཤུགས་ཀྱང་ཆེ་རུ་བཏང་ནས་ཚོང་རའི་གསོན་ཤུགས་སྔར་ལས་འཕེལ་བར་བྱས་ཏེ། འཛད་སྤྱོད་རྒྱ་སྐྱེད་དང་ཕན་ནུས་ལྡན་པའི་མ་དངུལ་འཇོག་པར་ཆ་རྐྱེན་བསྐྲུན།

    ཚོགས་འདུའི་ཐོག་བསྟན་དོན། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་སྲིད་གཞུང་གི་བྱ་བའི་སྙན་ཞུའི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱ་ཆེད། ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)14དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྡེ་ལ་ལྟ་སྐུལ་ཞིབ་བཤེར་བྱས། སྐུལ་འདེད་སྲིད་ཇུས་དོན་འཁྱོལ་དང་ས་གནས་ཀྱི་ཉམས་མྱོང་ཕྱོགས་བསྡོམས། གཞི་རིམ་གྱི་གྲོས་གཞིར་ཉན་པ།  གནད་དོན་དངོས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ་བཅས་ཟུང་འབྲེལ་བྱས་ཏེ། ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་ནས་བལྟས་ན། ད་ལོ་ཚུན་ལ་ས་གནས་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་ནན་ཏན་གྱིས་ལག་བསྟར་བྱས་ཡོད། ནོར་སྲིད་ཀྱི་མ་དངུལ་སྒོར་དུང་ཕྱུར་ཁྲི2གྲོང་ཁྱེར་དང་རྫོང་གི་གཞི་རིམ་དུ་ཐད་ཀར་འབྱོར་བ་དང་། ཁེ་ལས་དང་དམངས་ལ་ཐད་ཀར་ཕན་པ། ལྷག་པར་དུ་ཁེ་ལས་དང་མང་ཚོགས་ཀྱིས་རྒྱལ་ཁབ་སྒོས་ལག་བསྟར་བྱས་པའི་ཁྲལ་འཕྲི་དངུལ་གཅོག་སྒོར་དུང་ཕྱུར་ཁྲི2.5སོགས་ཀྱི་སྲིད་ཇུས་ཡོངས་ཁྱབ་ཏུ་མཚོན་པར་བྱས་ཡོད། ཚོང་རའི་གྲུབ་ཆ་གཙོ་བོ་སྲུང་སྐྱོང་དང་ཚོང་རའི་ཡིད་ཆེས་ཆེ་རུ་གཏོང་ཆེད“དུས་ཐོག་ཆར་བ”བབས་པ་རེད། དཔལ་འབྱོར་གྱི་གཞི་རྩ་བརྟན་པོ་ཡོང་བར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་ཡོད། རྗེས་མར་མུ་མཐུད་དུ་སྐུལ་སྒྲུབ་དོན་འཁྱོལ་ལ་ཤུགས་བསྣན་ནས་གཏན་འཁེལ་ཟིན་པའི་སྲིད་ཇུས་ཁག་ཚང་མ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། སྲིད་ཇུས་དོན་འཁྱོལ་ཁྲོད་རང་འགུལ་ངང་མཛད་རྗེས་འཇོག་པ་དང་ཕན་འབྲས་མངོན་གསལ་དོད་པའི་ས་ཆར་སྐུལ་མ་བྱེད་དགོས། ལྟ་ཞིབ་ལས་རྟོགས་པའི་སྲིད་ཇུས་དོན་འཁྱོལ་ལ་འཐེན་འཕྲི་བྱེད་པ་དང་། ཚོང་རའི་གྲུབ་ཆ་གཙོ་བོར་རང་དགར་ཁུར་པོ་འགེལ་བ། མ་དངུལ་བེད་མེད་དུ་འཇོག་པ་སོགས་ཀྱི་གནད་དོན་ལ། གསལ་ཐོ་བཀོད་ནས་བརྡ་ཁྱབ་བཏང་སྟེ་དུས་བཅད་ནང་བཅོས་སྒྲིག་བྱེད་དགོས། དག་ཐེར་ཡོ་བསྲང་གནད་ལ་མ་འཁེལ་བར་དམར་འདོན་དང་འགན་འཁྲི་བདའ་འདེད་བྱེད་དགོས། ད་ལོའི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་ལ་སང་ལོའི་གཙོ་གནད་སྲིད་ཇུས་འབྲེལ་མཐུད་དང་འཆར་འགོད་ཡག་པོ་བྱེད་དགོས་ཞེས་བསྟན། །

 ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།