ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་རིམས་འགོག་སྨན་ཁབ་མཉམ་ལས་དེ་ཀྲུང་ཧའེ་རིམས་ནད་འགོག་སེལ་མཉམ་ལས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད་ཅེས་གསུངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཚེས9ཉིན་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཚོགས་ཀྱི་པུའུ་ཀྲང་རིམ་པའི་བརྙན་ལམ་ཚོགས་འདུར་ཞུགས་སྐབས་བསྟན་དོན། རིམས་འགོག་སྨན་ཁབ་མཉམ་ལས་དེ་ཀྲུང་གོ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་གཉིས་ཀྱི་རིམས་ནད་སྔོན་འགོག་མཉམ་ལས་ཀྱི་བཀྲག་མདངས་འཚེར་སར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་ལིན་དང་མཉམ་དུ་གོ་ལ་ཧྲིལ་པོའི་ཕྲོག་གསར་གློ་ཚད་རིམས་འགོག་སྨན་ཁབ་ཀྱི་དུས་ཐེངསIIIIཔའི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་བརྟན་པོ་དང་ནུས་ཆེའི་ངང་སྐུལ་འདེད་བཏང་སྟེ། འགོག་སྨན་རྒྱག་པའི་མི་གྲངས་ཁྲི4.4ཟིན་ཡོད། མཚོ་ཁུག་མཉམ་ལས་ཨུ་ལྷན་རྒྱལ་ཁབ་ཡོངས་ཀྱི་བློས་འགེལ་ཆོག་པའི་འཐབ་ཇུས་རོགས་ཟླ་ཞིག་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་ངང་ས་གནས་མི་དམངས་ཀྱིས་རིམས་འགོག་སྨན་ཁབ་ལ་བཏོན་པའི་རེ་འདོད་སྐོང་བར་ཧུར་ཐག་བྱེད་འདོད་ཡོད་པ་དང་། མཚོ་ཁུག་ཨ་རབ་རྒྱལ་ཁབ་དང་མཉམ་དུ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་ཡིན་པའི་བསམ་ཚུལ་བསྟན། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།