ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཚེས་གསུམ་གྱི་ཕྱི་དྲོར་པེ་ཅིན་ནས་མི་གྲངས་ཁྱབ་བཤེར་ཐོ་འགོད་བྱ་བའི་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྐབས་བདུན་པའི་རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་ཚེས་གསུམ་གྱི་ཕྱི་དྲོར་པེ་ཅིན་ནས་མི་གྲངས་ཁྱབ་བཤེར་ཐོ་འགོད་བྱ་བའི་རྟོག་ཞིབ་བྱས། ཁོས་བསྟན་དོན། རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པ་ནི་དུས་རབས་གསར་པའི་ནང་ལ་སྤེལ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་སྟོབས་ཤུགས་ལ་ཞིབ་བཤེར་ལས་དོན་ལས་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་ལེན་ནན་མོ་བྱས་ཏེ། ཐེངས་འདིའི་མི་གྲངས་ཁྱབ་བཤེར་གྱིས་རང་རྒྱལ་གྱི་མི་གྲངས་དང་སྒྲིག་གཞི། ཁྱབ་ཚུལ་བཅས་ཀྱི་གནས་ཚུལ་ལ་རྩིས་ཡོངས་སུ་ལོན་པར་བྱས་ཏེ། མི་གྲངས་འཕེལ་རྒྱས་འཐབ་ཇུས་དང་སྲིད་ཇུས་མ་ལག་ལེགས་སྒྱུར་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་གཏན་འབེབ་བཟོ་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཆ་འཕྲིན་བསྡོམས་རྩིས་ཀྱིསའདེགས་སྐྱོར་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་ནུབ་མཁར་ཁུལ་དངུལ་རྩའི་སྲང་ལམ་ཧྥིན་ལུང་ར་བའི་གཞིས་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་དུ་སོང་ནས། འགྲེམས་སྟོན་པང་ལེབ་དང་བརྙན་རིས་བརྒྱུད་ནས་བསྡོམས་རྩིས་སྡེ་ཁག་དང་གཞིས་ཁུལ་འགན་འཁུར་བློ་མཐུན་གྱི་སྙན་ཞུ་ལ་ཉན་པ་མ་ཟད། མི་གྲངས་ཁྱབ་བཤེར་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་དང་མི་གྲངས་ཁྱབ་བཤེར་མི་སྣ་ལ་འཚམ་འདྲི་བྱས། ཁོས་བཤད་རྒྱུར། རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་མི་སྣ་ཁྲི་བདུན་བརྒྱ་ལྷག་གིས་ཏང་དང་རྒྱལ་ཁབ་ཀྱི་ལས་འགན་ལྗིད་མོ་ཕྲག་ཏུ་བླངས་ནས། ཁྱིམ་ཚང་རེ་རེའི་སྒོ་ཁར་བཅར་ནས་མི་གྲངས་ཐོ་རུ་འགོད་ཀྱིན་ཡོད་པས། ཚང་མས་དཀའ་ལས་མྱངས་སོང་། ལས་ཀ་འདིར་ཞིབ་ཚགས་ཆེ་ཞིང་དཀའ་ཁག་ཡོད་པས་དངོས་གནས་ཁས་ལེན་བྱེད་རིན་ཡོད་པ་ཞིག་རེད་ཟེར། ཁོས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་ཚོད་འཛིན་རྒྱུན་རྣམ་ཅན་གྱི་རྒྱབ་ལྗོངས་འོག་ཏུ། རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ཞིབ་བཤེར་བྱ་བ་ཡོངས་སུ་རྩ་འཛུགས་ལེགས་འགྲུབ་ཡོང་བར་བྱེད་དགོས་ལ། རྒྱ་ཆེའི་ཁྱབ་བཤེར་མི་སྣ་རྣམས་ཀྱིས་ནུས་ཤུགས་སྔར་ལས་ཆེ་བ་ཕུལ་ནས། མི་གྲངས་ཁྱབ་བཤེར་གྱི་ལས་འགན་ལེགས་པར་འགྲུབ་དགོས་པ་མ་ཟད། ཏང་དང་མི་དམངས་ལ་རྒྱུགས་ལན་ཡག་པོ་ཞིག་སྤྲོད་དགོས་ཟེར།

དེའི་རྗེས་སུ་ཧན་ཀྲིན་དང་ཁྱབ་བཤེར་མི་སྣ་རྣམས་མཉམ་དུ་གཞིས་ཁུལ་གྱི་ཁྱིམ་ཚང་ནང་དུ་སོང་ནས། ཡུལ་དངོས་ནས་ཁྱབ་བཤེར་མི་སྣས་མི་གྲངས་ཐོ་འགོད་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། སྡོད་དམངས་རྣམས་དང་སྙིང་ཉེ་བའི་འཚམ་འདྲི་བྱས། ཁོས་བཤད་རྒྱུར། ཁྱིམ་ཚང་དུ་སོང་ནས་ཐོ་འགོད་བྱེད་པའི་བྱ་བའི་འགོ་བརྩམས་པ་ནས་བཟུང་། རྒྱ་ཆེའི་མང་ཚོགས་རྣམས་ཧུར་ཐག་གིས་མི་གྲངས་ཁྱབ་བཤེར་ཐོ་འགོད་ཁྲོད་ཞུགས་ནས། སྤྱི་ཚོགས་ཀྱི་འགན་འཁུར་འདུ་ཤེས་མངོན་པར་བྱས་ཡོད། མི་གྲངས་ཁྱབ་བཤེར་བྱ་བ་ནི་ཤིན་ཏུ་གལ་ཆེན་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བརྩིས་ཆེན་ཞིག་ཡིན་པས། སྤྱི་ཚོགས་ཡོངས་ཀྱིས་དེ་ལ་རྒྱབ་སྐྱོར་དང་མཉམ་འབྲེལ་བྱེད་དགོས་ཟེར།

རྒྱལ་ཡོངས་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་ཐོ་འགོད་བྱ་བ་ནི་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ནས་བཟུང་འགོ་བརྩམས་ཏེ། ཟླ་བཅུ་གཉིས་པའི་ཚེས་བཅུ་ཉིན་བར་དུ་ཡོངས་སུ་འགྲུབ་པར་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།