ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཐག་ལོ76.3ནས་ལོ77.3བར་འཕར་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-10-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

u=2324901534,831518477&fm=26&gp=0.jpg

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10པའི་ཚེས28ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཕྲོད་བསྟེན་བདེ་ཐང་བྱ་གཞག་སྒྱུར་བཅོས་འཕེལ་རྒྱས་གནས་ཚུལ་གྱི་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཏང་ཙུའི་ཁོངས་མི་ཀྲུའུ་རེན་གཞོན་པ་ཡུས་ཞུའེ་ཅུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཞིང་། ནད་བཅོས་ལྟེ་བར་འཛིན་པ་ནས་བདེ་ཐང་ལྟེ་བར་འཛིན་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་། 2015ལོ་ནས2019ལོའི་ལོ་མཇུག་བར། རང་རྒྱལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཐག་ལོ76.3ནས་ལོ77.3བར་འཕར་ཏེ་ལོ4ལ་ཚེ་ཐག་ལོ་གཅིག་འཕར་ཡོད། སྦྲུམ་མའི་ཤི་ཚད་དང་ཕྲུ་གུ་དམར་འབྱར་ཤི་ཚད། ལོ5མན་གྱི་བྱིས་པའི་ཤི་ཚད་བཅས་སོ་སོར20.1/10ཁྲི། 8.1‰དང་10.7ནས17.8/10ཁྲི། 5.6‰། 7.8བར་འགྲིབ་ཡོད། བདེ་ཐང་གི་དམིགས་ཚད་གཙོ་བོ་སྤྱིའི་ཆ་ནས་ཡོང་འབབ་འབྲིང་མཐོའི་རྒྱལ་ཁབ་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ། མི་སྒེར་གྱི་འཕྲོད་བསྟེན་འགྲོ་སོང་དང་འཕྲོད་བསྟེན་གྱི་འགྲོ་གྲོན་བསྡོམས་འབོར་གྱི་བསྡུར་ཚད་དེ28.4%བར་འགྲིབ་པ་དང་བདེ་ཐང་གི་ཀྲུང་གོའི་འཛུགས་སྐྲུན་ལ་འགོ་ཡག་པོ་ཞིག་ཚུགས་ཡོད་ཅེས་བཤད།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།