ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་གསེར་གྱོམ་རྒྱལ་ཁབ་ཀྱི་སྐབས་དྲུག་པའི་གྲོས་ཚོགས་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-10-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ10བའི་ཚེས27ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསེར་གྱོམ་རྒྱལ་ཁབ་ཀྱི་སྐབས་དྲུག་པའི་གྲོས་ཚོགས་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བཞིན་པ།

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས27ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསེར་གྱོམ་རྒྱལ་ཁབ་ཀྱི་སྐབས་དྲུག་པའི་གྲོས་ཚོགས་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་པ་རེད།

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་དེ་འཛམ་གླིང་ཡོངས་ལ་མཚོན་ན་ཉམས་ཚོད་ནན་པོ་ཞིག་རེད།  རིམས་ནད་འགོག་རྒོལ་དང་དཔལ་འབྱོར་བརྟན་འཇགས། དམངས་འཚོ་འགན་སྲུང་བཅས་བྱ་རྒྱུ་ནི་རྒྱལ་ཁབ་སོ་སོའི་མདུན་དུ་ལྷགས་པའི་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་དང་བཀོད་སྒྲིག་བྱས་ཏེ། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་མཐའ་འཁྱོངས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། མི་དམངས་དུང་ཕྱུར14ཡིས་ཕྱར་བ་གྲུ་འདེགས་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་པས་འོག་རྒྱལ་ཡོངས་ཀྱི་རིམས་ནད་འགོག་པའི་འཐབ་རྩོད་ཀྱི་འཐབ་ཇུས་གྲུབ་འབྲས་གལ་ཆེན་ཐོབ་པ་རེད། ད་ལོའི་ཟླ་དང་པོ་ནས་དགུ་པའི་བར་ཀྲུང་གོའི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བརྒྱ་ཆའི0.7འཕར་བ་དང་། རིམས་ནད་བྱུང་བ་ནས་བཟུང་ཐོག་མར་འཕར་བཞིན་པའི་དཔལ་འབྱོར་དངོས་ཚན་གཙོ་བོ་ཞིག་ཏུ་གྱུར་ནས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཆེད་སྟོབས་ཤུགས་ཕུལ་བ་དང་ཡིད་ཆེས་བརྒྱུད་སྤྲོད་བྱས་ཡོད་ཅེས་བཤད།

2.jpg

ཟླ10བའི་ཚེས27ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོར་གསེར་གྱོམ་རྒྱལ་ཁབ་ཀྱི་སྐབས་དྲུག་པའི་གྲོས་ཚོགས་གླེང་སྟེགས་ཀྱི་བརྙན་ལམ་ཚོགས་འདུར་ཞུགས་ཏེ་གསུང་བཤད་གནང་བཞིན་པ།

ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཏུའུ་མ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལོ་ཅིན་དང་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མ་ཐེ་ཝེ་ཡན་ཁོ། རྒྱ་གར་གྲོས་ཚོགས་ཀྱི་མི་དམངས་གྲོས་ཁང་གི་གྲོས་དཔོན་པོ་ལ། ལྷོ་ཨ་ཧྥེ་རི་ཁའི་རྒྱལ་དམངས་གྲོས་ཚོགས་ཀྱི་གྲོས་དཔོན་མོ་ཏི་སའེ་དང་། རྒྱལ་ཡོངས་ཞིང་ཆེན་རིམ་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མཱ་སུང་ཏུའུ། པར་ཞིའི་གྲོས་ཁང་གི་གྲོས་དཔོན་མཱ་ཡ་སོགས་བརྙན་ལམ་ཚོགས་འདུར་ཞུགས་པ་རེད། ཚོགས་ཞུགས་ཕྱོགས་ཁག་གིས“གོ་ལ་ཧྲིལ་པོའི་བརྟན་ལྷིང་སྲུང་སྐྱོང་དང་། ཐུན་མོང་བདེ་འཇགས་འགན་ལེན། གསར་གཏོད་འཕར་སྣོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གསེར་གྱོམ་རྒྱལ་ཁབ་ཀྱི་རོགས་ཟླའི་འབྲེལ་བ་སྟེ། དབྱི་ཧུའེ་མཉམ་ལས”ཀྱི་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས་སྤེལ་རེས་གཏིང་ཟབ་བྱས་པ་རེད། ཚོགས་འདུའི་ཐོག《སྐབས་དྲུག་པའི་གསེར་གྱོམ་རྒྱལ་ཁབ་ཀྱི་གྲོས་ཚོགས་གླེང་སྟེགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།