ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ལ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་དང་བླངས་དམག་གིས་མེ་འགོག་ཁྲའོ་རོགས་དམག་འཐབ་བྱས་ནས་ལོ་བདུན་ཅུ་འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་སྟེང་གསུང་བཤད་གལ་ཆེན་གནང་སྐབས། ལོ་བདུན་ཅུའི་ཡར་སྔོན་ལ་རླབས་ཆེན་གྱི་མེ་འགོག་ཁྲའོ་རོགས་དམག་འཐབ་ཐད་ནས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་བ་གང་མང་ལྡན་པའི་རླབས་ཆེན་འཐབ་རྩོད་ལ་ཕྱིར་དྲན་བྱས་ཤིང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་འོད་སྟོང་འབར་བའི་མདུན་ལྗོངས་ལ་རྒྱང་ལྟ་བྱས་ན་ང་ཚོར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད་ཅེས་བསྟན། ལས་རིགས་སོ་སོའི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བཤད་དོན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། རླབས་ཆེན་གྱི་མེ་འགོག་ཁྲའོ་རོགས་སྙིང་སྟོབས་དར་སྤེལ་བྱེད་པ་དང་། དཔའ་ངར་ལྡན་ཞིང་སྤོབས་པ་ཆེ་བའི་སྒོ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུ་སྔར་ལས་མདུན་སྐྱོད་བྱེད་དགོས་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོ་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་རྒྱུས་ཀྱི་འབྲེལ་མཚམས་སུ་གནས་ཡོད་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ལེན་པ་དང་། སྤྱི་ཚོགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མདུན་ལྗོངས་རྒྱ་ཆེན་པོ་ཡོད། མདུན་སྐྱོད་ཀྱི་བགྲོད་ལམ་དེ་འདྲ་བདེ་བླག་ཡིན་མི་སྲིད། ང་ཚོས་མེ་འགོག་ཁྲའོ་རོགས་དམག་འཐབ་ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་བརྒྱུད་རིམ་དང་རླབས་ཆེན་རྒྱལ་ཁ་ཡིད་ལ་དམ་པོར་བཅངས་ཏེ། སྤོབས་པ་ཆེན་པོས་འཐབ་རྩོད་བྱེད་པ་དང་འཐབ་རྩོད་ལ་མཁས་པར་བྱེད་དགོས་ལ། དཀའ་ཁག་ལ་ཐུག་ཅིང་མདུན་དུ་བསྐྱོད་པ་དང་བློ་བརྟན་འགྱུར་མེད་སྒོས་མདུན་སྐྱོད་བྱས་ཏེ། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རླབས་ཆེན་ལས་དོན་སྔར་ལས་དར་རྒྱས་གོང་འཕེལ་དུ་གཏོང་དགོས་ཟེར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་པའི་ངེས་པར་ལྔ་ཡིས་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་རྣམས་དུས་རབས་གསར་བའི་བགྲོད་ལམ་གསར་བའི་སྟེང་མུ་མཐུད་དུ་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་མ་བཏང་།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།