ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་མཐུན་སྦྱོར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་མཐུན་སྦྱོར་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་ཚོགས།  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ།   རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་མཐུན་སྦྱོར་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།  གྲོས་ཚོགས་སྟེང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ་རྒྱལ་ཡོངས་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།   ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་བྱས་པ་དང་།   འབྲེལ་ཡོད་གྲོས་ཞིབ་དང་།  དུས་རིམ་རྗེས་མའི་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན།  སྲིད་གཞུང་གི་འགན་ནུས་བསྒྱུར་བ་དང་། གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས་ན།   ཐོག་མཐའ་བར་གསུམ་དུ་ཁྲོམ་རས་ཐོན་ཁུངས་སྒྲིག་བཀོད་ཁྲོད་འདོན་བཞིན་པའི་ཐག་གཅོད་རང་བཞིན་གྱི་བྱེད་ནུས་དང་སྲིད་གཞུང་གི་བྱེད་ནུས་འདོན་སྤེལ་སྔར་ལས་བཟང་བོ་བྱེད་པའི་དམིགས་འབེན་ཆེན་པོར་དམ་དུ་དམིགས་དགོས་པ་དང་།   དམིགས་འབེན་ཁྲིད་ཕྱོགས་དང་གནད་དོན་ཁྲིད་ཕྱོགས་གཅིག་གྱུར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ།  གཙོ་གནད་འབུར་ཐོན་དང་ངོས་གཅིག་ནས་ངོས་ཡོངས་ལ་སྐུལ་ཁྲིད་བྱེད་པ་བཅས་བྱས་ཏེ་བཅོས་སྒྱུར་རྒྱུན་མཐུན་ངང་གཏིང་ཟབ་ཏུ་སྤེལ་དགོས།  བཅོས་སྒྱུར་ཐད་ཀྱི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་མིན་པ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་བཅོས་སྒྱུར་ཐད་ནས་དངོས་ཡོད་ཕན་འབྲས་ཐོབ་པར་འགན་སྲུང་བྱེད་དགོས་པ་དང་།   ཚད་ཆེ་བའི་སྒོ་ནས་ཁྲོམ་རའི་གཙོ་གཞིའི་གསོན་ཤུགས་དང་སྤྱི་ཚོགས་ཀྱི་གསར་སྐྲུན་བྱེད་ནུས་བསྐྱེད་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན།   གནད་འགག་དུས་རིམ་དང་ཁྱབ་ཁོངས་གཙོ་བོ་གཅིག་བསྡུས་བྱས་ཏེ་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས།    ཁྲོམ་རའི་གཙོ་གཞིའི་དཀའ་གནད་སེལ་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ཏེ་གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བརྒྱུད་དེ་ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་མོ་བྱེད་དགོས།  འཛིན་དཔང་དབྱེ་ཕྲལ་གྱི་བཅོས་སྒྱུར་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ཁེབས་པར་སྐུལ་འདེད་ཏན་ཏིག་གཏོང་བ་དང་།  གསལ་བཤད་ཁས་ལེན་ལམ་ལུགས་ལག་བསྟར་བཟང་བོ་བྱས་ཏེ་རྣམ་པ་འགྱུར་བའི་མཆན་འགོད་ལམ་ལུགས་གཙང་སེལ་ནན་མོ་བྱེད་དགོས།  ཚད་འཇལ་རིས་འབྲི་དང་བཟོ་སྐྲུན་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁེ་ལས་ཀྱི་ཐོབ་ཐང་བཅོས་སྒྱུར་བྱ་བ་བཟང་བོར་བསྒྲུབ་ནས་ཁེ་ལས་ཀྱི་ཁུར་བོ་ཚད་ཆེན་པོས་ཇེ་ཡང་དུ་གཏོང་དགོས།  བྱེད་ཐབས་སྔར་ལས་གསར་སྐྲུན་དང་།  མཉམ་འབྲེལ་དྲ་རྒྱ་དང་གཞི་གྲངས་ཆེན་མོ་སོགས་བྱེད་ཐབས་བརྒྱུད་ནས་དོན་དག་ཁྲོད་དང་དོན་དག་རྗེས་ཀྱི་ལྟ་སྐུལ་དོ་དམ་གྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་མཐོར་འདེགས་གཏོང་དགོས།  གཞི་གྲངས་ཕན་ཚུན་མཉམ་སྤྱོད་བྱེད་པར་སྐུལ་འདེད་བཏང་ནས་སྲིད་དོན་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་སྒོས་མཐོར་འདེགས་གཏོང་དགོས་ཟེར།

ཝང་ཡུང་དང་ཞའོ་ཅེ།   དེ་མིན་མཐུན་སྦྱོར་ཚན་ཆུང་གི་ཁོངས་མི་རྣམས་གྲོས་ཚོགས་ལ་ཞུགས།  འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།