ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་ཚན་ཆུང་བགར་བའི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་ཚན་ཆུང་བགར་བའི་གྲོས་ཚོགས་བསྡུས་ཏེ། རྒྱལ་དར་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་རྒྱལ་རྟགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། འདེམ་བསྐོ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན། འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་སོགས་ལ་གྲོས་ཞིབ་བྱས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་གྲོས་ཞིབ་ལ་ཞུགས།

ཚོགས་འདུར་ཞུགས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་རྒྱལ་ཡོངས་དམངས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་བཅས་ཀྱིས་བལྟས་ན། རྒྱལ་དར་བཅའ་ཁྲིམས་དང་རྒྱལ་རྟགས་བཅའ་ཁྲིམས་ལ་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ་ནི་དུས་རབས་གསར་བའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་པའི་བྱེད་ཐབས་གལ་ཆེན་ཡིན་ལ། རྩ་ཁྲིམས་ཀྱི་རྒྱལ་ཁབ་མཚོན་བྱེད་དང་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་དངོས་འབེབས་བཟང་བོ་བྱེད་པའི་གཏན་འཁེལ་རེ་བ་ཡིན་པ་དང་། སྤྱི་དམངས་ཀྱི་རྒྱལ་ཁབ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པར་ཕན་པ་ཡོད་ལ། དེའི་ལམ་ལུགས་གཙོ་བོ་ཚད་ལྡན་དང་ལག་བསྟར་བྱེད་ཆོག་པ་དང་ད་ལྟ་གཏན་ལ་ཕབ་པ་ནི་དགོས་གལ་ཆེ་བ་དང་འོས་འཚམ་ཡིན་པས། ཐེངས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ནས་བརྡས་ཐག་བཅད་དེ་གྲོས་འཆམ་འབྱུང་དགོས་པར་སྙམ།

འདེམ་བསྐོ་བཅའ་ཁྲིམས་བཟོ་བཅོས་འཆར་ཟིན་ཐད་ནས་ཚོགས་ཞུགས་མི་སྣས་བལྟས་ན། འདེམ་བསྐོ་བཅའ་ཁྲིམས་ནི་སྤྱི་དམངས་ཀྱིས་འདེམ་བསྐོའི་དབང་ཆ་ལག་བསྟར་བྱེད་རྒྱུར་འགན་སྲུང་བྱེད་པ་དང་། ཁྲིམས་ལྟར་རིམ་པ་སོ་སོའི་དམངས་ཆེན་འཐུས་མི་འདེམ་པའི་བཅའ་ཁྲིམས་གཙོ་བོ་ཞིག་ཡིན། འོས་འཚམ་སྒོས་གཞི་རིམ་དམངས་ཆེན་འཐུས་མིའི་གྲངས་ཀ་ཇེ་མང་དུ་གཏོང་བ་དང་དམངས་ཆེན་འདེམ་བསྐོའི་ལམ་ལུགས་ཆ་ཚང་དུ་བཏང་ན། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆར་འགན་སྲུང་གང་ལེགས་བྱེད་པ དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལམ་ལུགས་སྔར་ལས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བར་ཕན་པ་ཡོད་པར་སྙམ། ཚོགས་ཞུགས་མི་སྣས་འཆར་ཟིན་ལ་བཟོ་བཅོས་འཐུས་ཚང་བྱེད་པའི་བསམ་འཆར་དང་གྲོས་གཞི་བཏོན།

འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་འཆར་ཟིན་ཐད་ནས་ཚོགས་ཞུགས་མི་སྣས་བལྟས་ན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ཏེ། འབྲི་ཆུའི་བཞུར་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་འབྲི་ཆུའི་བཞུར་ཁོངས་ཀྱི་ལྗང་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་གཏན་འཁེལ་བྱེད་པ་ནི་ཧ་ཅང་དགོས་གལ་ཆེ། འཆར་ཟིན་ལས་འབྲི་ཆུའི་བཞུར་ཁོངས་ཀྱི་ཁོངས་གཏོགས་རང་བཞིན་དང་དམིགས་བསལ་རང་བཞིན་གཞིར་བཟུང་སྟེ་སྐྱེ་ཁམས་མ་ལག་སླར་གསོ་དང་ཁོར་ཡུག་བཅོས་སྐྱོང་བྱེད་པར་ཤུགས་བསྣན་ན། འབྲི་ཆའི་བཞུར་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པ་དང་ལྗང་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཕན་པ་ཡོད་པར་སྙམ། ཚོགས་ཞུགས་མི་སྣས་འཆར་ཟིན་དེ་ལ་བཟོ་བཅོས་འཐུས་ཚང་བྱེད་པའི་བསམ་འཆར་དང་གྲོས་གཞི་བཏོན།

ཚོགས་ཞུགས་མི་སྣས་ད་དུང་རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱེད་པར་སྤྲོད་པའི་འཐུས་མིས་བཏོན་པའི་གྲོས་གཞིར་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུར་གྲོས་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།