ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ10བའི་ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་སྐྱེ་ཁམས་ཁོར་ཡུག་པུའུ་ནས་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འབྲེལ་ཡོད་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་དང་ལག་བསྟར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རེ་བ་ལྟར། སྐྱེ་ཁམས་སླར་གསོ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པ་དེ་གོ་གནས་གལ་ཆེན་དུ་བཞག་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། ཚན་རིག་དང་མཐུན་པར་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་སྐབས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་དམིགས་འབེན་དང་ལས་འགན་གཙོ་བོ་གཏན་འཁེལ་བྱས་ཏེ། ཁ་ཕྱོགས་མི་འགྱུར་བ་དང་ཤུགས་ཚད་ཇེ་ཆུང་དུ་མི་གཏོང་བ་རྒྱུན་འཁྱོངས་བྱེད་པ་དང་། བྱ་བ་གང་ལེགས་སྒོས་བསྒྲུབ་པ་དང་ཁྱབ་ཁོངས་རྒྱ་བསྐྱེད་ཅིང་མུ་མཐུད་དུ་བཙོག་བཟོ་འགོག་བཅོས་ཀྱི་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱས་ནས། གནད་འགག་ཁྱབ་ཁོངས་དང་གནད་འགག་དམིགས་ཚད་ཐད་ནས་བརྒལ་གཏོར་གསར་བ་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་མ་ལག་གི་ནུས་པའི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན་ཕྱོགས་བསྡུས་ཁྲིམས་སྐྱོང་སོགས་དཔུང་སྡེ་འཛུགས་སྐྲུན་དང་ལག་རྩལ་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་ཟེར།

བཞུགས་མོལ་ཚོགས་འདུའི་སྔོན་ལ། ཧན་ཀྲིན་སི་དང་ཅུའུ། ཁྲུའུ་དང་གཞུང་སྒྲུབ་ཁང་ཁ་ཤས་སུ་སོང་སྟེ་ཆུའི་སྐྱེ་ཁམས་ཁོར་ཡུག་དང་ས་རྒྱུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྲ་གཟུགས་བེད་མེད་དངོས་རྫས་དང་རྫས་འགྱུར་ཐོན་རྫས་ཀྱི་ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་བར་རྟོག་ཞིབ་མཛད་པ་དང་བྱ་བ་སྒྲུབ་མཁན་མི་སྣ་དང་བསམ་བློ་བརྗེ་རེས་བྱས་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་དོ་དམ་ཆ་འཕྲིན་ཅན་གྱི་སྟེགས་བུའི་བཀོལ་སྤྱོད་གྲུབ་འབྲས་འགྲེམ་སྟོན་གནས་ཚུལ་ཡར་ཞུ་བྱས་པར་ཉན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།