ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཧྲན་ཐོའུ་རུ་རྟོག་ཞིབ་གནང་བ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས13ཉིན་གྱི་ཕྱི་དྲོར་ཀོང་ཏུང་ཞིང་ཆེན་ཧྲན་ཐོའུ་གྲོང་ཁྱེར་གྱི་སྤྱི་གླིང་ཆུང་ཆུང་ཁའེ་པུའུ་ཆུས་སུ་ཕེབས་ཤིང་། ཁའེ་པུའུ་ཆུས་རིག་གནས་བཤམས་སྟོན་ཁང་དང་ཕྱིར་སྡོད་རང་མིའི་རིག་དངོས་བཤམས་སྟོན་ཁང་དུ་བསྐྱོད་དེ། ཧྲན་ཐོའུ་ཁའེ་པུའུ་ཡི་ལོ་རྒྱུས་དང་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ཚུན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁྲའོ་ཀྲོའུ་ཡི་ཕྱིར་སྡོད་རང་མིའི་སེམས་ནི་ཕ་ཡུལ་དང་མེས་རྒྱལ་ལ་དམ་དུ་སྦྲེལ་ཡོད་ལ། ཕ་ཡུལ་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་རྟགས་རྟེན་ཡིན་པ་རེད། དེ་རྗེས་ཞི་ཅིན་ཕིང་ཁའེ་ཕུའུ་ཆུས་ཁྲོམ་གཞུང་གི་སྤྱི་ཚོགས་རིག་གནས་ལོ་རྒྱུས་སོགས་ལ་གཟིགས་ཞིབ་གནང་ཞིང་མང་ཚོགས་དང་མཉམ་དུ་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་བ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།