ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་ཀྱི་ལམ་བུའི་ཐོག་མུ་མཐུད་དུ་བློ་བརྟན་འགྱུར་མེད་ངང་བསྐྱོད་དགོས་ཞེས་གསུངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀོང་ཏུང་ཞིང་ཆེན་ཧྲན་ཐོའུ་གྲོང་ཁྱེར་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྐང་ཐང་དུ་ཁའེ་པུའུ་ཁུལ་སྲང་ལམ་གྱི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུས་རྣམ་པར་གཟིགས་ཞིབ་གནང་སྟེ། སྤྲོ་སེམས་འཁོལ་བའི་ངང་ཚུར་ཡོང་བའི་གྲོང་མི་མང་ཚོགས་དང་མཉམ་དུ་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་བསྟན་དོན།  ང་ད་ཐེངས་ཀོང་ཏུང་དུ་རྟོག་ཞིབ་གནང་བར་ཡོང་དོན་ནི་རྒྱལ་ཁབ་ཕྱི་ནང་ལ་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་འགོ་ཁྲིད་དེ་མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་བཅོས་སྒྱུར་སྒོ་འབྱེད་ཀྱི་བགྲོད་ལམ་དུ་བསྐྱོད་རྒྱུ་ཡིན་པ་དང་། སྙིང་སྟོབས་ཆེར་སྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། འབད་བརྩོན་ལྷོད་མེད་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་གང་ཐུབ་བྱེད་པར་བསྒྲགས་རྒྱུ་ཡིན་པས། ཡུལ་མི་རྣམ་པ་ཚོ། ང་ཚོས་ལག་གདང་སྦྲེལ་ནས་མཉམ་དུ་འབད་བརྩོན་བྱེད་དགོས། །

1.jpg

2.jpg

3.jpg

4.jpg

5.jpg

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།