ཀྲུང་གོ་བོད་ཀྱི་དྲ་བ།

གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་དབུ་ཚོགས་སྐབས་གསུམ་པ་ཧྥུའུ་ཀྲོའུ་རུ་འཚོགས་འགོ་ཚུགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས12ཉིན། གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་དབུ་ཚོགས་སྐབས་གསུམ་པ་དེ་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་དུ་འཚོགས་འགོ་ཚུགས་པ་དང་དབུ་ཚོགས་དེ་ཚེས14ཉིན་བར་འཚོགས་རྒྱུ་རེད། ཐེངས་འདིའི་དབུ་ཚོགས་སྟེང“གསར་གཏོད་ལ་བརྟེན་ནས་གྲངས་འཛིན་ཅན་གྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་དང་རིག་ནུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་གླེང་སྟེགས་གཙོ་བོ་དང་། གྲངས་འཛིན་སྲིད་གཞུང་། གྲངས་འཛིན་དཔལ་འབྱོར། ཁུལ་སྦྲེལ་དང་དངུལ་རྩའི་ཚན་རྩལ། གྲངས་འཛིན་སྐྱེ་ཁམས་སོགས་ཡན་ལག་གླེང་སྟེགས12འཚོགས་རྒྱུ་ཡིན་པ་རེད།

1126596032_16024865409731n.jpg

འདི་ནི་ཟླ10བའི་ཚེས12ཉིན་པར་བླངས་བའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་དབུ་ཚོགས་སྐབས་གསུམ་པའི་གླེང་སྟེགས་གཙོ་བོའི་གནས་ཡུལ་ཏེ་ཧྥུའུ་ཀྲོའུ་མཚོ་འགག་རྒྱལ་སྤྱི་འགྲེམས་ཚོགས་ལྟེ་གནས་རེད།

1126596032_16024865410031n.jpg

འདི་ནི་ཟླ10བའི་ཚེས12ཉིན་པར་བླངས་བའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་ཚོགས་ཡུལ་དངོས་རེད།

1126596032_16024865410301n.jpg

འདི་ནི་ཟླ10བའི་ཚེས12ཉིན་པར་བླངས་བའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་ཚོགས་ཡུལ་དངོས་ནས་འགྲེམ་སྟོན་བྱེད་པའི་ཡུན་ཏཱ་མྱུར་སྐྱེལ་འཕྲུལ་མི་རེད།

1126596032_16024865410571n.jpg

འདི་ནི་ཟླ10བའི་ཚེས12ཉིན་པར་བླངས་བའི་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་ཚོགས་ཡུལ་དངོས་ནས་འགྲེམ་སྟོན་བྱེད་པའི་ཝང་ལུང་ཀུང་སིའི་རིག་ལྡན་འཕྲུལ་མི་རེད།

1126596032_16024890977501n.jpg

ཟླ10བའི་ཚེས12ཉིན་པའེ་ཏུའུ་ཡི་སྲོལ་གཏོད་པ་དང་ཏུང་ཧྲི་ཀྲང་དང་དབུ་བཞུགས་ལག་བསྟར་དཔོན་བཅས་འགན་གཅིག་ལྕོགས་སུ་བཞེས་པའི་ལི་ཡན་ཧུང་གིས་གྲངས་འཛིན་ཀྲུང་གོ་འཛུགས་སྐྲུན་སྐབས་གསུམ་པའི་དབུ་ཚོགས་ཀྱི་གླེང་སྟེགས་སྟེང་གཏམ་བཤད་གནང་བ་རེད།

1126596032_16024890977551n.jpg

ཟླ10བའི་ཚེས12ཉིན་ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་སྐབས་གསུམ་པའི་དབུ་ཚོགས་འགོ་ཚུགས་མཛད་སྒོའི་སྟེང་བརྙན་ལམ་བརྒྱུད་ནས་ཤིས་ཚིག་ཕུལ།

1126596032_16024890977591n.jpg

ཟླ10བའི་ཚེས12ཉིན་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་། པེ་ཅིན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་ཆེན་གྱི་སློབ་གཙོ་ཀྲང་ཅུན་གྱིས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་སྐབས་གསུམ་པའི་དབུ་ཚོགས་གླེང་སྟེགས་སྟེང་གཏམ་བཤད་གནང་།

1126596032_16024890977611n.jpg

ཟླ10བའི་ཚེས12ཉིན་ཐེང་ཤུན་ཀུང་སིའི་མཐོ་རིམ་ཙུང་ཚའེ་གཞོན་པ་ཞི་ཏན་གྱིས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་སྐབས་གསུམ་པའི་དབུ་ཚོགས་གླེང་སྟེགས་སྟེང་གཏམ་བཤད་གནང་།

1126596032_16025058984791n.jpg

ཟླ10བའི་ཚེས12ཉིན་སྐུ་མགྲོན་རྣམས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་སྐབས་གསུམ་པའི་དབུ་ཚོགས་ཀྱི་ངལ་གསོའི་བར་གསེང་ནས་གླེང་མོལ་བྱེད་བཞིན་པ།

1126596032_16025058984881n.jpg

ཟླ10བའི་ཚེས12ཉིན་སྐུ་མགྲོན་རྣམས་གྲངས་འཛིན་ཀྲུང་གོའི་འཛུགས་སྐྲུན་སྐབས་གསུམ་པའི་དབུ་ཚོགས་ཀྱི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས་པ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།