ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྟོན་དུས་ཆེན་སྐབས་སུ་རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་འགྲུལ་བ་མི་ཐེངས་ཁྲི12687སྐྱེལ་འདྲེན་བྱས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2020-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་གསལ། ཟླ9བའི་ཚེས28ཉིན་རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་འགོ་བརྩམས་པ་ནས་ཟླ10བའི་ཚེས8ཉིན་བར་ཁྱོན་ཉིན11རིང་རྒྱལ་ཡོངས་ཀྱི་ལྕགས་ལམ་ནས་འགྲུལ་པ་མི་ཐེངས་ཁྲི12687སྐྱེལ་འདྲེན་བྱས་ཤིང་། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི1153སྐྱེལ་འདྲེན་བྱས་པ་དེ་ན་ནིང་གི་དུས་མཉམ་གྱི་ཆུ་ཚད་ཀྱི84%ཟིན་པ་རེད། ཟླ9བའི་ཚེས30ཉིན་ནས་ཟླ10བའི་ཚེས་8ཉིན་བར་རྒྱལ་ཡོངས་ལྕགས་ལམ་གྱིས་བསྟུད་མར་ཉིན9རིང་འགྲུལ་པ་མི་ཐེངས་ཁྲི1100ལྷག་སྐྱེལ་འདྲེན་བྱས་པ་རེད།

 རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་འགྲུལ་སྐྱེལ་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་དོན། རྒྱལ་སྟོན་གྱི་རྫོགས་ལྡན་གཟའ་འཁོར་རིང་། རྒྱལ་ཡོངས་ནས་ལྕགས་ལམ་ཐོག་ཉིན་གཅིག་རིང་འགྲུལ་པ་སྐྱེལ་འདྲེན་བྱེད་ཐེངས་ཆེས་མང་ཤོས་ནི་ཟླ10བའི་ཚེས1ཉིན་ཡིན་པ་དང་འགྲུལ་པ་མི་ཐེངས་ཁྲི1509སྐྱེལ་འདྲེན་བྱས། ལྕགས་ལམ་བརྒྱུད་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མདུན་གྲས་སུ་སླེབས་པའི་པའི་གྲོང་ཁྱེར་ནི་ཀོང་ཀྲོའུ་ལ་མི་ཐེངས་ཁྲི1005དང་། པེ་ཅིང་ལ་མི་ཐེངས་ཁྲི822། ཧྲང་ཧའེ་ལ་མི་ཐེངས་ཁྲི773། ཁྲེང་ཏུའུ་ལ་མི་ཐེངས་ཁྲི659། ཧང་ཀྲོའུ་ལ་མི་ཐེངས་ཁྲི631། ཧྲེན་ཀྲེན་ལ་མི་ཐེངས་ཁྲི546། ཁྲང་ཧྲ་ལ་མི་ཐེངས་ཁྲི513། ཝུའུ་ཧན་ལ་མི་ཐེངས་ཁྲི509། ཁྲུང་ཆིང་ལ་མི་ཐེངས་ཁྲི486། ནན་ཅིང་ལ་མི་ཐེངས་ཁྲི476བཅས་ཡིན་པ་རེད།

འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་ཉེ་མི་ལྷན་འཛོམས་དང་ལམ་ཐག་ཉེ་བའི་ཡུལ་སྐོར་འགྲུལ་བ་ཧ་ཅང་མང་བའི་གནས་ཚུལ་ལ་དམིགས་ཏེ། ལྕགས་ལམ་སྡེ་ཁག་གིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱེལ་འདྲེན་ཐད་ཀྱི་ཞབས་ཞུ་ལས་དོན་ཡག་པོ་བསྒྲུབས་སྟེ། སྐྱེལ་འདྲེན་བྱེད་ཤུགས་ཇེ་ཆེ་དང་ཞབས་ཞུའི་བྱ་ཐབས་ཡག་པོ་བསྒྲུབས་ནས་འགྲུལ་པ་རྣམས་བདེ་བླག་ངང་ཕྱིར་སྐྱོད་ཐུབ་པར་འགན་ལེན་བྱས་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།