ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་གཅེས་བསྡུས།》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-10-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10བའི་ཚེས9ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་གཅེས་བསྡུས།》ཞེས་པའི་དཔེ་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

 ཆེད་དོན་གསུང་རྩོམ་ཕྱོགས་བསྒྲིགས་འདིར། བློ་མཐུན་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་དེ་དེབ་འདིའི་ལེའུ་མགོ་མ་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་གིས2020ལོའི་ཟླ1པའི་ཚེས20ཉིན་ནས་ཟླ9བའི་ཚེས23ཉིན་བར་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་གཅིག་གྱུར་འཆར་འགོད་གནང་བའི་སྐོར་གྱི་རྩོམ་ཡིག་གལ་ཆེན43བསྡུས་ཡོད། དེའི་ནང་གི་རྩོམ་ཡིག་ཁ་ཤས་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད།

ད་ལོའི་ཚུན་ལ། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་གདོང་གཏད་དེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ།   ཁྱོན་ཡོངས་གཅིག་འདོམས་དང་ཐབས་ཇུས་འཕྲལ་ཐག་འཕྲལ་གཅོད། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་འགོ་ཁྲིད་དེ་རིམས་ནད་འགོག་བཅོས་ཀྱི་མི་དམངས་དམག་འཁྲུག་དང་སྤྱིའི་དམག་འཁྲུག འགོག་རྒོལ་དམག་འཁྲུག་གི་འགོ་བརྩམས། བློ་མཐུན་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་དང་དངོས་སུ་བཀོད་སྒྲིག་བྱས་པ་དང་། ཐེངས་མང་པོར་འགོ་འཛིན་བྱས་ཏེ་གྲོས་ཚོགས་བསྡུས་པར་མ་ཟད་གསུང་བཤད་གལ་ཆེན་གནང་སྟེ། མཛུབ་སྟོན་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པ་གནང་། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། ཝུའུ་ཧན་སྲུང་སྐྱོབ་དམག་འཁྲུག་དང་ཧུའུ་པེ་སྲུང་སྐྱོབ་དམག་འཁྲུག་ཐད་ནས་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་། རྒྱལ་ཡོངས་ཀྱི་རིམས་འགོག་འཐབ་རྩོད་ཁྲོད་དུ་འཐབ་ཇུས་གྲུབ་འབྲས་གལ་ཆེན་བླངས་ཤིང་། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་བའི་ཐད་ནས་གྲུབ་འབྲས་མངོན་གསལ་བླངས། ཞི་ཅིན་ཕིང་གིས་རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པའི་རྒྱས་བཤད་གལ་ཆེན་གཅེས་བསྡུས་ཞེས་པའི་དཔེ་ཆ་པར་སྐྲུན་འགྲེམ་སྤེལ་བྱས་པ་དེར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གི་འབྲེལ་ཡོད་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཤུགས་ཆེན་པོས་རླབས་ཆེན་རིམས་འགོག་སྙིང་སྟོབས་དར་སྤེལ་བྱེད་པ། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བྱ་བ་བཟང་བོར་བསྒྲུབ་པ་དང་གཅིག་གྱུར་སྒོས་འཆར་འགོད་བྱེད་པ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ལེན་པའི་དམིགས་འབེན་དང་ལས་འགན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།