ཀྲུང་གོ་བོད་ཀྱི་དྲ་བ།

གུང་གསེང་རིང་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་ཉིན་རེར་ཆ་སྙོམས་ཉེན་རྟོག་པ་མི་ཐེངས་ཁྲི17.1བཏང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2020-10-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  གསར་འགོས་པས་ཚེས8ཉིན་སྤྱི་བདེ་པུའུ་འགྲིམ་འགྲུལ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་ཉིན་རེར་ཆ་སྙོམས་ཉེན་རྟོག་པ་མི་ཐེངས་ཁྲི17.1དང་། ཉེན་རྟོག་རླངས་འཁོར་ཐེངས་ཁྲི6བཏང་ནས་འགྲིམ་འགྲུལ་ཉེན་རྟོག་ཁྲིམས་འཛིན་ས་ཚིགས3100ལྷག་ཙམ་བཙུགས་ཡོད། མཚམས་ཚིགས་གལ་ཆེན་ལ་ཁྲིད་སྟོན་དང་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་འགྲོ་ལམ་ཤར་བགྲོད་ཀྱི་སྒྲིག་ལམ་ལ་དོ་དམ་ནན་མོ་བྱས་ཏེ། ཁྲིམས་འགལ་གྱི་བྱ་སྤྱོད་རིགས་ལ་ཞིབ་བཤེར་ནན་མོ་དང་། འགྲིམ་འགྲུལ་གྱི་དོན་རྐྱེན་མགྱོགས་མྱུར་ངང་ཐག་གཅོད་བྱས་པ་དང་། ཉེན་ཁ་ཆུང་དུ་གཏོང་གང་ཐུབ་བྱས་ཏེ་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བདེ་བླག་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།