ཀྲུང་གོ་བོད་ཀྱི་དྲ་བ།

བསླབ་གནས་ཀྱི་དཔྱད་རྩོམ་རྫུན་བཟོ་བྱེད་པའི་ཡིད་རྟོན་ཟིན་ཐོ་དེ་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་ནང་འཇོག་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་གསལ་བྱུང་བ་ལྟར་ན།ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་དང་སློབ་གསོ་པུའུ་གཉིས་ཀྱིས་བསླབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོའི་སྤུས་ཚད་དོ་དམ་སྔར་ལས་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས་ཏེ་ཞིབ་འཇུག་སློབ་མ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་གདེང་འཇོག་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས་པའི་བསམ་འཆར་བཏོན་པ་དང་། རིག་གཞུང་ཚད་གཞི་དང་རིག་གཞུང་ཀུན་སྤྱོད་ཀྱི་བླང་བྱ་གཙོ་བྱས་ཏེ། བསླབ་གནས་ཀྱི་དཔྱད་རྩོམ་རྫུན་མ་ཡིད་རྟོན་ཟིན་ཐོར་བརྩིས་ནས་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་ནང་འཇོག་རྒྱུ་རེད།

ཡིག་ཆའི་ནང་རིག་གཞུང་གི་ཚུལ་མིན་བྱེད་སྤྱོད་ཐདགཏན་ནས་བཟོད་སྒོམ་མི་བྱེད་པམཐའ་འཁྱོངས་བྱེད་རྒྱུ་དང་། ཤེས་མ་ཐག་མཐའ་གཅིག་ཏུ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་ཡིན་ལ། རིག་གཞུང་གི་ཕྱོགས་ནས་སྤྱོད་པ་མི་གཙང་བའི་མི་སྒེར་དང་འབྲེལ་ཡོད་འགན་འཁུར་བ་བཅས་ལ་ཉེས་ཚབས་ཆེ་ཆུང་ལ་གཞིགས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཏང་ཁྲིམས་དང་སྲིད་ཁྲིམས་ཀྱི་ཆད་པ་དང་རིག་གཞུང་གི་ཆད་གཅོད་བསླབ་འདོམས་བྱ་རྒྱུ། བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་རིགས་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་དང་།རིག་གཞུང་གི་ཚུལ་མིན་རྩད་ཞིབ་ཐག་གཅོད་བྱེད་ཤུགས་མི་འདང་བའི་སྡེ་ཁག་ལ་འགན་འཁྲི་རྩད་གཅོད་བྱ་རྒྱུ་བཅས་བསླབ་གནས་ཀྱི་དཔྱད་རྩོམ་རྫུན་མར་ཡིད་རྟོན་ཟིན་ཐོར་བརྩིས་ནས་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་སྟེགས་བུ་ནང་འཇོག་རྒྱུ་རེད།

ཡིག་ཆའི་ནང་སྤུས་ཚད་ཞིབ་བཤེར་གྱི་འགག་སྒོ་གཙོར་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཐོབ་ཐང་རྒྱུགས་ལེན་དང་བསླབ་གནས་དཔྱད་རྩོམ་གྱི་ཁ་བྱང་འབྱེད་པ། དུས་འབྲིང་དཔྱད་ཞིབ་སོགས་འགག་རྩའི་དཔྱད་ཞིབ་འཚག་བཤེར་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་། དཔྱད་ཞིབ་སྒྲིག་འཛུགས་ཀྱི་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ། དཔྱད་ཞིབ་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ལྟ་སྐུལ་གྱི་འགན་འཁྲི་དོན་འཁྱོལ་དང་དཔྱད་ཞིབ་ཀྱི་ཚན་རིག་རང་བཞིན་དང་ནུས་ལྡན་རང་བཞིན་ཆེ་རུ་གཏོང་བ། སློབ་ཚན་གྱི་ཡིག་རྒྱུགས་ལ་སྔར་ལས་ཤུགས་སྣོན་པ་བཅས་བྱེད་པ་དང་། ཞིབ་འཇུག་སློབ་མ་ཁག་བགོས་ནས་ཕྱིར་འཐེན་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ཏེ། མུ་མཐུད་ཏུ་བསླབ་གནས་སྦྱོང་རྒྱུར་མི་འཚམ་པའི་ཞིབ་འཇུག་སློབ་མར་གསོ་སྐྱོང་གི་ཇུས་གཞི་ལྟར་ཁག་བགོས་ཕྱིར་འཐེན་བྱེད་པ་དང་། སློབ་མ་ཁག་བགོས་ཕྱིར་འཐེན་གྱི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་ནས་ཞིབ་འཇུག་སློབ་མའི་སློབ་ཁོངས་ཀྱི་ལོ་ཚད་ཐད་དོ་དམ་ནན་མོ་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།