ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》དངོས་སུ་དཔེ་སྐྲུན་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-09-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས28ཉིན།   མི་དམངས་ཉིན་རེའི་ཚགས་པར་གྱི་ཕྱི་རྒྱལ་པར་མས་རྩ་འཛུགས་དང་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》ཅེས་པ་ཉེ་ཆར་ཚོང་དོན་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཏེ་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་དུ་ལངས་ནས། དབུལ་ཐར་འགག་སྒྲོལ་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་མངོན་གསལ་དོད་པོའི་གོ་གནས་སུ་བཞག་སྟེ། བསམ་བློ་གསར་པ་དང་ལྟ་བ་གསར་པ། ཐབས་ཇུས་གསར་པ་དང་བཀོད་སྒྲིག་གསར་པ་རབ་དང་རིམ་པ་བཏོན་ནས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་བྱ་གཞག་ལ་གྲུབ་འབྲས་ཆེན་པོ་ཐོབ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་གི་དབུལ་པོ་ཉུང་གཏོང་གི་འཕེལ་རིམ་ལ་བྱས་རྗེས་གལ་ཆེན་བཞག་ཡོད། དཔེ་ཆ་དེ་དབུལ་སྐྱོར་གཏམ་རྒྱུད67ལས་གྲུབ་པ་དང་། དུས་ཚོད་ཀྱི་གོ་རིམ་ལྟར། བློ་མཐུན་ཞི་ཅིན་ཕིང་སྔ་རྗེས་སུ་ཧྲའན་ཞི་ཞིང་ཆེན་གྱི་ལིའང་ཅ་ཧུ་དང་། ཧོ་པེ་ཀྲེང་ཏིང་། ཧྥུ་ཅན། ཀྲེ་ཅང་། ཧྲང་ཧའེ་བཅས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་འགན་བཞེས་རག་བར་དུ། ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གོ་གནས་མཐོ་ཤོས་སུ་བཞག་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁྲལ་བྱས་སྟེ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་འགག་སྒྲོལ་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དང་། བློ་མཐུན་ཞི་ཅིན་ཕིང་གིས་དབུལ་སྐྱོར་གསར་སྤེལ་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། རྒྱུན་ཆད་མེད་པར་དབུལ་ཐར་འགག་སྒྲོལ་ལ་སྐུལ་འདེད་བཏང་བའི་ངོ་མཚར་བའི་རྣམ་པ་གསོན་ཉམས་ལྡན་པའི་ངང་བཀོད་ཡོད་དེ། བློ་མཐུན་ཞི་ཅིན་ཕིང་གིས“ སྒེར་སེམས་ཅུང་ཙམ་ཡང་མེད་པར་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ”པའི་ལྷད་མེད་བརྩེ་སེམས་མཚོན་ཡོད།

《ཞི་ཅིན་ཕིང་གི་དབུལ་སྐྱོར་གཏམ་རྒྱུད》དཔེ་སྐྲུན་འགྲེམས་སྤེལ་བྱས་པ་འདིས། མི་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནད་འཁེལ་དབུལ་སྐྱོར་བྱེད་པའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལ་སྔར་ལས་ལྷག་པའི་གོ་བ་ལོན་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་གཏོང་བ་དང་སྐུལ་ལྕག་གཏོང་བར་ཕན་པ་དང་། ཡིད་ཆེས་བརྟན་པོ་དང་དཔའ་ངར་ཞུམ་མེད་ཀྱིས་འབད་འཐབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་ཐར་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་རོགས་འདེགས་བྱེད་ཐུབ། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།