ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་ཞིབ་ཚོགས་ཆུང་གིས་ས་གནས་དང་ལས་ཁུངས32ཀྱི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2020-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་ཟླ9པའི་ཚེས27ཉིན་གྱི་གློག་འཕྲིན་ལྟར།  ཏང་ཀྲུང་དབྱང་གི་ཆོག་མཆན་ཐོབ་པ་བརྒྱུད། སྐབས་བཅུ་དགུ་པའི་ཀྲུང་དབྱང་གི་རེས་སྐོར་དྲུག་པའི་སྐོར་ཞིབ་ཚོགས་ཆུང་གིས་པེ་ཅིན་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ནང་སོག་རང་སྐྱོང་ལྗོངས། ཅི་ལིན་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཨན་ཧུའེ་ཞིང་ཆེན། ཅང་ཤིས་ཞིང་ཆེན། ཧུའུ་པེ་ཞིང་ཆེན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས།  ཁྲུང་ཆིང་གྲོང་ཁྱེར། ཡུན་ནན་ཞིང་ཆེན། བོད་རང་སྐྱོང་ལྗོངས།  ཧྲའན་ཞི་ཞིང་ཆེན། ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་སྡེ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་ཡོངས་སྲིད་གྲོས་ལས་ཁུངས། སྤྱི་བདེ་པུའུ། ནོར་སྲིད་པུའུ། ཆུ་བེད་པུའུ། ཞིང་ལས་གྲོང་གསེབ་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། རྩིས་བཤེར་ཧྲུའུ། རྒྱལ་ཁབ་སྨན་བཅོས་འགན་ལེན་ཅུའུ། རྒྱལ་ཁབ་གནས་སྤོས་ཡུལ་མིའི་དོ་དམ་ཅུའུ། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུའུ།   ཀྲུང་གོའི་ཞིང་ལས་ཚན་རིག་གླིང་། ཀྲུང་གོ་རྒྱལ་སྤྱིའི་ཉོ་ཚོང་ཡར་སྐུལ་ཨུ་ཡོན་ལྷན་ཁང་།  ཀྲུང་གོའི་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་བཅས་ས་གནས་དང་ལས་ཁུངས32ཀྱི་ཏང་རྩ་འཛུགས་ལ་རྒྱུན་གཏན་གྱི་སྐོར་ཞིབ་བྱ་རྒྱུ་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་ལས་དོན་སྲོལ་ཡིག་》གི་གཏན་འབེབས་ལྟར། རེས་སྐོར་དྲུག་པའི་སྐོར་ཞིབ་དང་འབྲེལ་བ་ཡོད་པའི་ཁྲང་ཁྲུན་དང་། ཧང་ཀྲོའུ། ཉིང་པོ། ཝུའུ་ཧན། ཤིས་ཨན་སོགས་ཞིང་ཆེན་གཞོན་པའི་གྲོང་ཁྱེར5ཡི་ཏང་ཨུ་དང་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་འགན་འཁུར་བ་གཙོ་བོ་སྐོར་ཞིབ་ཁྱབ་ཁོངས་སུ་བཅུག་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།